-->

Feb 19, 2022

ལོ་ཙཱའི་འགྱུར་ཁྱད།

 


ལོ་ཙཱའི་འགྱུར་ཁྱད།


*རིགས་སྒོའམ་རིགས་འཇུག

#न्यायप्रवेशकसूत्रम्

#因明入正理論



 

བོད་འགྱུར་ལས་སྔ་མ་རྒྱའི་སྐད་ལས་བསྒྱུར་བ་དང་ཕྱི་མ་རྒྱ་གར་སྐད་ལས་བསྒྱུར་བའོ།།

साधनं दूषणं चैव साभासं परसंविदे।

प्रत्यक्षमनुमानं च साभासं त्वात्मसंविदे॥

इति शास्त्रसंग्रहः। 

能立與能破,及似唯悟他。

現量與比量,及似唯自悟。

如是總攝諸論要義。

སྒྲུབ་ནུས་པ་དང་སུན་འབྱིན་ནུས།།ལྟར་སྣང་བཅས་པ་གཞན་གོ་བྱེད།།

མངོན་སུམ་དང་ནི་རྗེས་སུ་དཔག །ལྟར་སྣང་བཅས་པས་བདག་རིག་བྱེད། །

འདིར་འདི་སྐད་ཅེས་པ་བསྟན་བཅོས་རྣམས་ཀྱི་དོན་བསྡུས་པ་ཡིན།

སྒྲུབ་པ་དང་ནི་སུན་འབྱིན་ཉིད།།ལྟར་སྣང་བཅས་པ་རང་རྟོགས་ཕྱིར།།

མངོན་སུམ་དང་ནི་རྗེས་སུ་དཔག།ལྟར་སྣང་བཅས་པ་གཞན་རྟོགས་ཕྱིར།།

ཞེས་བྱ་བ་བསྟན་བཅོས་ཀྱི་དོན་བསྡུ་བའོ།།

 

तत्र पक्षः प्रसिद्धो धर्मी। प्रसिद्धविशेषणविशष्टतया स्वयं साध्यत्वेनेप्सितः। 

此中宗者,為極成有法,極成能別,差別為性,隨自樂為所成立性,是名為宗。

འདིར་བསྒྲུབ་བྱའི་མཚན་ཉིད་ནི་བསྒྲུབ་པའི་ཆོས་ཅན་ལ་ཆོས་ཀྱི་ཁྱད་པར་སྒྲུབ་པར་བྱེད་པ་སྟེ། རང་གིས་བསྒྲུབ་པར་བྱ་བ་འདོད་པ་དེ་ནི་བསྒྲུབ་བྱ་ཡིན་ནོ། །

དེ་ལ་ཕྱོགས་ནི་རབ་ཏུ་གྲགས་པའི་ཆོས་ཅན་རབ་ཏུ་གྲགས་པའི་ཁྱད་པར་གྱིས་ཁྱད་པར་དུ་བྱས་པས་རང་གི་བསྒྲུབ་བྱ་ཁོ་ནར་འདོད་པ་སྟེ།

 

तद्यथा। नित्यः शब्दोऽनित्यो वेति॥

如有成立聲是無常。

དཔེར་ན། སྒྲ་མི་རྟག་པ་བསྒྲུབ་པ་ལྟ་བུའོ། །

འདི་ལྟ་སྟེ། སྒྲ་མི་རྟག་ཅེས་པའམ་རྟག་པ་ཞེས་པ་ལྟ་བུའོ།།

 

हेतुस्त्रिरूपः।

因有三相,

གཏན་ཚིགས་ཀྱི་མཚན་ཉིད་ནི་ཚུལ་གསུམ་ཚང་བའོ། །

གཏན་ཚིགས་ནི་ཚུལ་གསུམ་མོ།།

किं पुनस्त्रैरूप्यम्। पक्षधर्मत्वं सपक्षे सत्त्वं विपक्षे चासत्त्वमिति॥

何等為三謂遍是宗法性;同品定有性;異品遍無性

ཚུལ་གསུམ་གང་ཞེ་ན། ཕྱོགས་ཀྱི་ཆོས་ཀྱི་ལྟོས་གཞི་ལ་ཡོད་པ་དང་། མཐུན་ཕྱོགས་ལ་ཡོད་པ་དང་། མི་མཐུན་ཕྱོགས་ལ་མེད་པའོ།། ལྟ་བུའོ།།

ཚུལ་གསུམ་པོ་དེ་ཡང་གང་ཞེ་ན། ཕྱོགས་ཀྱི་ཆོས་ཉིད་དང་། མཐུན་པའི་ཕྱོགས་ལ་ཡོད་པ་ཉིད་དང་། མི་མཐུན་པའི་ཕྱོགས་ལ་ཡང་མེད་པ་ཉིད་དོ།།

 

 

རིགས་འཇུག་གི་འགྱུར་བྱང་།

རྒྱ་གར་ལས་རྒྱའི་ལོ་ཙཱ་བ་ཐང་སཾ་ཙང་གིས་བསྒྱུར་ཅིང་སླད་ཀྱིས་རྒྱའི་དགེ་བཤེས་སིང་གྱང་ཇུས་དང༌། བོད་ཀྱི་དགེ་བའི་བཤེས་གཉེན་སྟོན་གཞོན་གྱིས་བོད་སྐད་དུ་བསྒྱུར་ཞིང༌། ཕྱིས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་ལས་རབ་ཏུ་བྱུང་བ་རྒྱ་ནག་ཆེན་པོའི་ལའི་བཙུན་པ་ཆོས་ཀྱི་རིན་ཆེན་གྱིས། དཔལ་ལྡན་ས་སྐྱའི་གཙུག་ལག་ཁང་དུ་རྒྱའི་དཔེ་དང་བོད་ཀྱི་དཔེ་གཉིས་པོ་ལེགས་པར་གཏུགས་ཤིང་བཅོས་ཏེ་དག་པར་བསྒྱུར་བའོ།།

 

ཚད་མ་རིགས་པར་འཇུག་པའི་སྒོ་ཞེས་བྱ་བའི་རབ་ཏུ་བྱེད་པ་ཞེས་པའི་བསྡུས་མིང་། དེ་ནི་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་ཅིང་། རྒྱ་གར་གྱི་ཁ་ཆེའི་པཎྜི་ཏ་ཆེན་པོ་དཔལ་བསྲུང་བ་དང་བོད་ཀྱི་ཤཱཀྱའི་དགེ་སློང་གྲགས་པ་རྒྱལ་མཚན་གཉིས་ཀྱིས་དཔལ་ས་སྐྱའི་གཙུག་ལག་ཁང་ཆེན་པོར་བསྒྱུར་བའོ། །འདི་དང་རིགས་པ་ལ་འཇུག་པ་ཞེས་བྱ་བའི་རྒྱ་ནག་འགྱུར་དང་འགྱུར་ཁྱད་ཙམ་མ་གཏོགས་གཞུང་གཅིག་ཡིན་ནོ། །

དུང་དཀར་ཚིག་མཛོད་ཆེན་མོ་»ལས་བཏུས།

 

༆ རྒྱའི་སྡེ་སྣོད་དུ་བཞུགས་པའི་རིགས་འཇུག

*རིགས་འཇུག་འདི་རྒྱའི་སྔོན་རབས་པ་དག་ཀྱང་མིང་ལ་འཁྲུལ་ཏེ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པར་ཁ་ཡར་སྨྲ་ཞིང་། བོད་སྔ་ཕྱི་ཐམས་ཅད་ཀྱང་སློབ་དཔོན་ཕྱོགས་གླང་གིས་མཛད་པར་སྨྲ་ཞིང་འགའ་ཞིག་ཐེ་ཚོམ་དང་ཡང་བཅས་ཏེ་བཞེད་ཀྱང་། རྒྱའི་མཁས་པ་འགས་འདི་སློབ་དཔོན་ཕྱོགས་གླང་གི་སློབ་མ་ཤང་ཀ་ར་ཞལ་སྔ་ནས་ཀྱིས་མཛད་ཅིང་། ཞོན་ཙང་མཆོག་གིས་རྒྱ་གར་ནས་བསྣམས་ཏེ་རྒྱ་ཡུལ་ནས་བསྒྱུརད་ཅིང་སྤེལ་ལ། མཛད་མཁན་གྱི་མཚན་ཡང་གཞུང་དུ་གསལ་བས་དོགས་པ་མི་དགོས་ཚུལ་བཤད། དེ་ཡང་འདིའི་རྒྱ་དཔེ་འབད་པ་ཆེན་པོས་དུས་རབས་ཉི་ཤུའི་ནང་རྙེད་ཀྱང་མཛད་བྱང་མེད་པས་དོགས་པ་ཆེ་བ་རྣམས་ཀྱི་སོམ་ཉི་མ་ཆོད་ཀྱང་། རྒྱའི་ལུགས་ལྟར་ན་རིགས་སྒོ་ཕྱོགས་གླང་གིས་མཛད་ཅིང་། རིགས་འཇུག་ཤང་ཀ་རས་མཛད་པའི་འགྲེལ་བར་ངོས་འཛིན་ནོ།།

དེ་བས་ཕྱོགས་གླང་གིས་མཛད་པའི་རིགས་སྒོ་རིགས་འཇུག་ཏུ་འབྱུང་བའི་དབུ་མཐའི་ཚིགས་བཅད་དེ་གཉིས་ཡིན་ནམ་བདག་རྟོག་གོ།

རྒྱའི་ལྷ་བཙུན་ཆོས་ཀྱི་རིན་ཆེན་གྱིས་རྒྱའི་སྡེ་སྣོད་ལས་བསྒྱུར་དུས་ཀྱང་ཐང་སན་ཙང་གི་འགྱུར་ལ་གཏུགས་འདུག་མོད། དེར་རྩོམ་མཁན་ཤང་ཀ་ར་ཡིན་པ་རྒྱའི་བསྟན་འགྱུར་ལ་གསལ་ནའང་། དེའི་སྐོར་ཅང་གསུངས་མི་འདུག སྟོན་གཞོན་གྱི་འགྱུར་དབང་བཙན་པར་བྱས་པ་མིན་ནམ་བརྟག

ཟླབཞོནུ

 

#ལོཙཱ #न्यायप्रवेशकसूत्रम् #སཾསྐྲྀཏ #translation #epistemology #འགྱུར #ཟླབཞོནུ

 

No comments:

Post a Comment