-->

Feb 8, 2022

སྐུང་ཡིག་གི་རྣམ་གཞག

 


སྐུང་ཡིག་གི་རྣམ་གཞག



*བོད་ཡིག་གི་སྐུང་རྩལ།


སྐུང་ཡིག་འདི་སོགས་ཤེས་གྱུར་ན། ། དཔེ་རྙིང་ཀློག་ལ་ཐོགས་མེད་འགྱུར།།

གང་དག་ཀློག་ལ་སྤྲོ་བ་དག །སྤྲོ་བར་བསྐྱེད་ཕྱིར་དཀའ་བས་བཏུས།།


#ཟླབཞོནུ


ངཽདི =ངོ་བོ་ཉིད།

འབྲུས =འབྲས་བུ།

ཁྱར =ཁྱད་པར།

སྣོཊ =སྣ་ཚོགས།

སྒྲོན =སྒྲ་དོན།

ེཐོཾ =ཐེ་ཚོམ།

གན =གཞན།

གནྱིས =གཞན་གྱིས།

དངཽས =དངོས་པོ།

དངོསུ =དངོས་སུ།

གསལྱ =གསལ་བྱ།

གསལྱེད =གསལ་བྱེད།

བྱེག =བྱེ་བྲག

གལྟེ =གལ་ཏེ།

ཀེུན =ཀུན་མཁྱེན།

སོཊ / སྭོ =སོགས།

རིཊ =རིགས།

འབིག =འབའ་ཞིག

མྲིད =མི་སྲིད།

མིཐད =མི་འཐད།

མིཐུན =མི་མཐུན།

༢སུ =གཉིས་སུ།

༢སཾ =གཉིས་སམ།

༤ནོ =བཞིན་ནོ།།

ངཽ =ངོ་བོ།

ལྟུ =ལྟ་བུ།

འཇིནེ =འཇིག་རྟེན།

ཐད =ཐ་དད།

ཐཾད =ཐམས་ཅད།

སྔཽན =སྔོན་པོ།

དམིགསལ =དམིགས་བསལ།

པའིར =པའི་ཕྱིར།

པིར =>པའི་ཕྱིར།

པའིརོ =པའི་ཕྱིར་རོ།།

མཐོུཊ =མཐུན་ཕྱོགས།

རྣཾསེ =རྣམ་ཤེས།

རྣོར =རྣལ་འབྱོར།

ཎེ =མེད།

ཀོུབ =ཀུན་རྫོབ།

མིཐོུཊ =མི་མཐུན་ཕྱོགས།

མེུཊ =མུ་སྟེགས།

ལྱཽད =ལོངས་སྤྱོད།

ཤེབ =ཤེས་རབ།

ཡངག =ཡང་དག

ཡག =>ཡང་དག

སརྒྱས =སངས་རྒྱས།

སཽབ =སོ་སོ་བ།

ལྷགར =ལྷག་པར།

དེ་༤ནེཊ་པ =དེ་བཞིན་གཤེགས་པ།

ཡག =ཡན་ལག

ལཽག = ལོག་རྟོག

བྱུསེཾས =བྱང་ཆུབ་སེམས།

དབྱེན =དབྱིག་གཉེན།

མངོུཾན =མངོན་སུམ།

ཁྱརན =ཁྱད་པར་ཅན།

ཆོན =ཆོས་ཅན།

སྒྲཽཊ =སྒྲོ་འདོགས།

སླཽན =སློབ་དཔོན།

ཆཽག =ཆོས་མཆོག

བྲེཾ =བྲམ་ཟེ།

མཐྲུག =མཐར་ཐུག

བླཽ =བློ་གྲོས།

རྗེག =རྗེས་དཔག

རངིན =རང་བཞིན།

གཏིཊ =གཏན་ཚིགས།

མངོཾན =མངོན་སུམ།

པི =པའི།

བི =བའི།

མྲུབ =མ་གྲུབ།

གཞལྱ =གཞལ་བྱ།

༢ཀ =གཉིས་ཀ

མཚིད =མཚན་ཉིད།

ཡཻས =ཡེ་ཤེས།

བསྟོས =བསྟན་བཅོས།

ཐྱེ =ཐུགས་རྗེ།

སྡུལ =སྡུག་བསྔལ།

བྱུབ =བྱང་ཆུབ།

ཕོུཾཊ =ཕུན་ཚོགས།

ལེཊར =ལེགས་པར།

མྱིན =མ་ཡིན།

མིུས =མི་ནུས།

མཚིད =མཚན་ཉིད།

ཁ༡ =ཁ་ཅིག

བདིད =བདག་ཉིད།

གཞོནུ =གཞོན་ནུ།

ཕྱཽས =ཕྱོགས་ཆོས།

 

No comments:

Post a Comment