-->

Jul 27, 2024

རྒྱལ་བོ་མི་ལིནྡས་ཞུས་པ་ཞེས་བྱ་བ་བཞུགས། 𑖦𑖰𑖩𑖰𑖡𑖿𑖟𑖢𑖗𑖿𑖮𑖢𑖯𑖩𑗀𑖰


རྒྱལ་བོ་མི་ལིནྡས་ཞུས་པ་ཞེས་བྱ་བ་བཞུགས།


मिलिन्दपञ्हा


 
གྷི་རིག་གི་རྒྱལ་བོ་མི་ཎཱནྜར་དང་དགེ་སློང་ཀླུའི་སྡེ་གཉིས་ཀྱི་རྩོད་པའི་སྐབས་ཀྱི་རྣམ་པ།

(ཚན་འགྱུར)

 

තෙන ඛො පන සමයෙන ආයස්‌මා ආයුපාලො සඞ්‌ඛ්‍යෙය්‍යපරිවෙණෙ පටිවසතිඅථ ඛො මිලින්‌දො රාජා අමච්‌චෙ එතදවොච ‘‘රමණීයාවත භො දොසිනා රත්‌තිකන්‌නු ඛ්‌වජ්‌ජ සමණං වා බ්‍රාහ්‌මණං වා උපසඞ්‌කමෙය්‍යාම සාකච්‌ඡාය පඤ්‌හපුච්‌ඡනායකො මයා සද්‌ධිංසල්‌ලපිතුං උස්‌සහති කඞ්‌ඛං පටිවිනෙතු’’න්‌තිඑවං වුත්‌තෙ පඤ්‌චසතා යොනකා රාජානං මිලින්‌දං එතදවොචුං ‘‘අත්‌ථිමහාරාජ,ආයුපාලො නාම ථෙරො තෙපිටකො බහුස්‌සුතො ආගතාගමොසො එතරහි සඞ්‌ඛ්‍යෙය්‍යපරිවෙණෙ පටිවසතිගච්‌ඡත්‌වං මහාරාජ,ආයස්‌මන්‌තං ආයුපාලං පඤ්‌හං පුච්‌ඡස්‌සූ’’ති‘‘තෙන හිභණෙභදන්‌තස් ආරොචෙථා’’ති.
අථ ඛො නෙමිත්‌තිකො ආයස්‌මතො ආයුපාලස්‌ස සන්‌තිකෙ දූතං පාහෙසි ‘‘රාජාභන්‌තෙමිලින්‌දො ආයස්‌මන්‌තං ආයුපාලංදස්‌සනකාමො’’තිආයස්‌මාපි ඛො ආයුපාලො එවමාහ ‘‘තෙන හි ආගච්‌ඡතූ’’තිඅථ ඛො මිලින්‌දො රාජා පඤ්‌චමත්‌තෙහි යොනකසතෙහිපරිවුතො රථවරමාරුය්‌හ යෙන සඞ්‌ඛ්‍යෙය්‍යපරිවෙණං යෙනායස්‌මා ආයුපාලො තෙනුපසඞ්‌කමිඋපසඞ්‌කමිත්‌වා ආයස්‌මතා ආයුපාලෙනසද්‌ධිං සම්‌මොදිසම්‌මොදනීයං කථං සාරණීයං වීතිසාරෙත්‌වා එකමන්‌තං නිසීදිඑකමන්‌තං නිසින්‌නො ඛො මිලින්‌දො රාජා ආයස්‌මන්‌තංආයුපාලං එතදවොච ‘‘කිමත්‌ථියාභන්‌තෙ ආයුපාලතුම්‌හාකං පබ්‌බජ්‌ජාකො  තුම්‌හාකං පරමත්‌ථො’’තිථෙරො ආහ‘‘ධම්‌මචරියසමචරියත්‌ථා ඛොමහාරාජපබ්‌බජ්‌ජාසාමඤ්‌ඤඵලං ඛො පන අම්‌හාකං පරමත්‌ථො’’ති‘‘අත්‌ථි පනභන්‌තෙකොචිගිහීපි ධම්‌මචාරී සමචාරී’’ති? ‘‘ආමමහාරාජඅත්‌ථි ගිහීපි ධම්‌මචාරී සමචාරීභගවති ඛොමහාරාජබාරාණසියං ඉසිපතනෙමිගදායෙ ධම්‌මචක්‌කං පවත්‌තෙන්‌තෙ අට්‌ඨාරසන්‌නං බ්‍රහ්‌මකොටීනං ධම්‌මාභිසමයො අහොසිදෙවතානං පන ධම්‌මාභිසමයොගණනපථං වීතිවත්‌තොසබ්‌බෙතෙ ගිහිභූතා පබ්‌බජිතා.
 
‘‘පුන චපරංමහාරාජභගවතා ඛො මහාසමයසුත්‌තන්‌තෙ දෙසියමානෙමහාමඞ්‌ගලසුත්‌තන්‌තෙ දෙසියමානෙ,සමචිත්‌තපරියායසුත්‌තන්‌තෙ දෙසියමානෙරාහුලොවාදසුත්‌තන්‌තෙ දෙසියමානෙපරාභවසුත්‌තන්‌තෙ දෙසියමානෙ ගණනපථංවීතිවත්‌තානං දෙවතානං ධම්‌මාභිසමයො අහොසිසබ්‌බෙතෙ ගිහිභූතා පබ්‌බජිතා’’ති‘‘තෙන හිභන්‌තෙ ආයුපාලනිරත්‌ථිකාතුම්‌හාකං පබ්‌බජ්‌ජාපුබ්‌බෙ කතස්‌ස පාපකම්‌මස්‌ස නිස්‌සන්‌දෙන සමණා සක්‍යපුත්‌තියා පබ්‌බජන්‌ති ධුතඞ්‌ගානි  පරිහරන්‌තියෙ ඛො තෙ,භන්‌තෙ ආයුපාලභික්‌ඛූ එකාසනිකානූන තෙ පුබ්‌බෙ පරෙසං භොගහාරකා චොරාතෙ පරෙසං භොගෙ අච්‌ඡින්‌දිත්‌වා තස්‌ස කම්‌මස්‌සනිස්‌සන්‌දෙන එතරහි එකාසනිකා භවන්‌ති ලභන්‌ති කාලෙන කාලං පරිභුඤ්‌ජිතුංනත්‌ථි තෙසං සීලංනත්‌ථි තපොනත්‌ථි බ්‍රහ්‌මචරියංයෙ ඛො පන තෙභන්‌තෙ ආයුපාලභික්‌ඛූ අබ්‌භොකාසිකානූන තෙ පුබ්‌බෙ ගාමඝාතකා චොරාතෙ පරෙසං ගෙහානි විනාසෙත්‌වා තස්‌සකම්‌මස්‌ස නිස්‌සන්‌දෙන එතරහි අබ්‌භොකාසිකා භවන්‌ති ලභන්‌ති සෙනාසනානි පරිභුඤ්‌ජිතුංනත්‌ථි තෙසං සීලංනත්‌ථි තපොනත්‌ථිබ්‍රහ්‌මචරියංයෙ ඛො පන තෙභන්‌තෙ ආයුපාලභික්‌ඛූ නෙසජ්‌ජිකානූන තෙ පුබ්‌බෙ පන්‌ථදූසකා චොරාතෙ පරෙසං පථිකෙ ජනෙගහෙත්‌වා බන්‌ධිත්‌වා නිසීදාපෙත්‌වා තස්‌ස කම්‌මස්‌ස නිස්‌සන්‌දෙන එතරහි නෙසජ්‌ජිකා භවන්‌ති ලභන්‌ති සෙය්‍යං කප්‌පෙතුංනත්‌ථිතෙසං සීලංනත්‌ථි තපොනත්‌ථි බ්‍රහ්‌මචරිය’’න්‌ති ආහ.
 
එවං වුත්‌තෙ ආයස්‌මා ආයුපාලො තුණ්‌හී අහොසි කිඤ්‌චි පටිභාසිඅථ ඛො පඤ්‌චසතා යොනකා රාජානං මිලින්‌දං එතදවොචුං‘‘පණ්‌ඩිතොමහාරාජථෙරොඅපි  ඛො අවිසාරදො  කිඤ්‌චි පටිභාසතී’’ති.
 
අථ ඛො මිලින්‌දො රාජා ආයස්‌මන්‌තං ආයුපාලං තුණ්‌හීභූතං දිස්‌වා අප්‌ඵොටෙත්‌වා උක්‌කුට්‌ඨිං කත්‌වා යොනකෙ එතදවොච ‘‘තුච්‌ඡො වතභො ජම්‌බුදීපොපලාපො වත භො ජම්‌බුදීපොනත්‌ථි කොචි සමණො වා බ්‍රාහ්‌මණො වායො මයා සද්‌ධිං සල්‌ලපිතුං උස්‌සහති කඞ්‌ඛංපටිවිනෙතු’’න්‌ති.

 

 
གྷི་རིག་གི་རྒྱལ་བོ་མི་ཎཱནྜར


དེ་ནས་ཚེ་དང་ལྡན་པ་ཚེ་སྐྱོང་གྲངས་ཅན་གྱི་གནས་ན་བཞུགས་སོ། ། དེ་ནས་རྒྱལ་བོ་མི་ལིནྡས་བློན་པོ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏེ།  དོ་ནུབ་ཀྱི་དུས་འདི་ཤིན་ཏུ་ཉམས་དགའ་བ་ཡིན་ན། དིང་དགེ་སྦྱོང་ངམ་བྲམ་ཟེ་སུ་ཡང་རུང་བའི་ཉེ་བར་སོང་ནས་དྲི་བ་མངོན་པར་འདྲི་བར་འདོད་དེ། སུ་ཞིག་བདག་དང་ལྷན་དུ་གཏམ་སྨྲས་ཏེ་བདག་གི་ཐེ་ཚོམ་བཟློག་པར་བགྱིད་པར་འགྱུར། དེ་སྐད་ཅེས་སྨྲས་པ་དང་། ཡ་བ་ན་ལྔ་བརྒྱ་བོ་རྣམས་ཀྱིས་རྒྱལ་བོ་མི་ལིནྡ་ལ་འདི་སྐད་ཅེས་སྨྲས་ཏེ། རྒྱལ་བོ། ཚེ་སྐྱོང་བྱ་བའི་གནས་བརྟན་ཞིག་ཡོད་དེ། སྡེ་སྣོད་གསུམ་འཛིན་པ། ལུང་ཐོབ་པ། དེ་ད་ལྟ་གྲངས་ཅན་གྱི་གནས་ན་བཞུགས་ན། རྒྱལ་བོ་ཁྱོད་སོང་ནས་ཚེ་དང་ལྡན་པ་ཚེ་སྐྱོང་ལ་དྲི་བ་འདྲི་བར་བྱའོ། ། དེས་ན་བཙུན་པར་གཏམ་སྦྲན་པར་བྱོས་ཤིག 


དེ་ནས་དེ་ལྟ་བུའི་རྟགས་དང་ལྡན་པའི་ཕོ་ཉ་ཚེ་དང་ལྡན་པ་ཚེ་སྐྱོང་ཅན་དུ་བརྫངས་ཏེ། སྨྲས་པ། བཙུན་པ། རྒྱལ་བོ་མི་ལིནྡ་ཚེ་དང་ལྡན་པ་ཚེ་སྐྱོང་མཇལ་བར་སྤྲོའོ། ། ཚེ་དང་ལྡན་པ་ཚེ་སྐྱོང་ཡང་འདི་སྐད་དུ། དེས་ན་ཕེབས་པར་མཛོད་ཅིག དེ་ནས་རྒྱལ་བོ་མི་ལིནྡ་ཡ་བ་ན་ལྔ་བརྒྱའི་འཁོར་གྱིས་བསྐོར་ཏེ་ཤིང་རྟ་ལ་བཞུགས་ཏེ་གང་ན་གྲངས་ཅན་གྱི་གནས་ཡོད་པ། ཚེ་དང་ལྡན་པ་ཚེ་སྐྱོང་ག་ལ་བར་ལྷགས་སོ། །ལྷགས་ནས་ཀྱང་ཚེ་དང་ལྡན་པ་ཚེ་སྐྱོང་དང་ཆབས་ཅིག་དགའ་བའི་སྙུན་གསོལ་ལ། སྙུན་གསོལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། ། ཕྱོགས་གཅིག་ཏུ་འཁོད་ནས་ཀྱང་རྒྱལ་བོ་མི་ལིནྡས་ཚེ་དང་ལྡན་པ་ཚེ་སྐྱོང་ལ་འདི་སྐད་ཅེས་སྨྲས་པ། བཙུན་པ་ཚེ་སྐྱོང་། ཁྱོད་ཅིའི་ཕྱིར་རབ་ཏུ་བྱུང་། ཁྱོད་ཀྱི་དམ་པའི་དོན་ཡང་གང་། གནས་བརྟན་གྱིས་སྨྲས་པ། རྒྱལ་བོ་ཆེན་པོ། ཆོས་ཀྱི་སྤྱོད་པ་དང་ཞི་བའི་སྤྱོད་པའི་སླད་དུ་བདག་རབ་ཏུ་བྱུང་སྟེ། ཞི་བའི་འབྲས་བུ་བདག་གི་དམ་པའི་དོན་ལགས་སོ། ། བཙུན་པ། ཁྱིམ་ན་གནས་པ་ཆོས་སྤྱོད་པ་ཞི་བར་སྤྱོད་པ་འགའ་ཡང་ཡོད་དམ། རྒྱལ་བོ་ཆེན་པོ། ཁྱིམ་ན་གནས་པ་ཞི་བར་སྤྱོད་པ་ཡང་ཡོད་དེ། རྒྱལ་བོ་ཆེན་པོ། བཅོམ་ལྡན་འདས་ཀྱིས་ཝཱ་རཱ་ཎ་སཱི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚེ་བྲམ་ཟེ་བྱེ་བ་བཅོ་བརྒྱད་ཀྱིས་ཆོས་མངོན་པར་རྟོགས་པར་གྱུར་ཏོ། །ལྷ་རྣམས་ཀྱིས་ཀྱང་ཆོས་མངོན་པར་རྟོགས་པར་གྱུར་པ་དེ་ཐམས་ཅད་ཁྱིམ་པར་གྱུར་པ་ལས་རབ་ཏུ་བྱུང་བ་མ་ཡིན་ནོ། ། རྒྱལ་བོ་ཆེན་པོ། གཞན་ཡང་། བཅོམ་ལྡན་འདས་ཀྱིས་དམ་ཚིག་ཆེན་པོ་དང་། བཀྲ་ཤིས་ཆེན་པོ་དང་། སེམས་ཞི་བའི་རྣམ་གྲངས་དང་། སྒྲ་གཅན་འཛིན་གྱིས་སྨྲས་པ་དང་། གཞན་མེད་པ་ལ་སོགས་པའི་མདོ་བསྟན་ཏེ་ནམ་མཁའི་མཐའ་དང་མཉམ་པའི་ལྷ་རྣམས་ཀྱིས་ཆོས་ཀྱི་མངོན་པར་རྟོགས་པ་རྟོགས་པར་གྱུར་ཏོ། །དེ་ཐམས་ཅད་ཁྱིམ་པར་གྱུར་པ་ལས་རབ་ཏུ་བྱུང་བ་མ་ཡིན་ནོ། །

གྷི་རིག་གི་རྒྱལ་བོ་མི་ཎཱནྜར་གྱི་ཊམ་ཀ

ཚེ་སྐྱོང་། དེས་ན་ཁྱོད་རབ་ཏུ་བྱུང་བ་དོན་མེད་དེ། སྔོན་བྱས་པའི་ལས་ཀྱི་འབྲས་བུར་ཤཱཀྱའི་བུ་དགེ་སྦྱོང་རྣམས་རབ་ཏུ་བྱུང་སྟེ། སྦྱངས་པའི་ཡོན་ཏན་ཡང་ཡོངས་སུ་སྤངས་སོ། །བཙུན་པ་ཚེ་སྐྱོང་། གང་དགེ་སློང་སྟན་གཅིག་པ་འདི་དག་ནི་ངེས་པར་སྔོན་གཞན་གྱི་ལོངས་སྤྱོད་འཕྲོག་པའི་ཆོམ་རྐུན་ཏེ། དེ་དག་གིས་གཞན་གྱི་ལོངས་སྤྱོད་ཕྲོགས་པའི་ལས་ཀྱི་འབྲས་བུར་དིང་སྟན་གཅིག་པ་ཉིད་དུ་གྱུར་ལ། ལོངས་སུ་སྤྱོད་པ་དུས་སུ་མི་འབྱུང་ངོ་། ། དེ་དག་ལ་ཚུལ་ཁྲིམས་དང་དཀའ་ཐུབ་དང་ཚངས་སྤྱོད་ཀྱང་མེད་དོ། ། བཙུན་པ་ཚེ་སྐྱོང་། གང་དགེ་སློང་བླ་གབ་མེད་པ་འདི་དག་ནི་ངེས་པར་སྔོན་གཞན་གྱི་ཁྱིམ་བཅོམ་པའི་ཆོམ་རྐུན་ཏེ། དེ་དག་གིས་གཞན་གྱི་ཁྱིམ་རབ་ཏུ་བཤིག་པའི་ལས་ཀྱི་འབྲས་བུར་དིང་བླ་གབ་མེད་པར་གྱུར་ལ། མལ་སྟན་ཡང་དུས་སུ་མི་འབྱུང་ངོ་། ། དེ་དག་ལ་ཚུལ་ཁྲིམས་དང་དཀའ་ཐུབ་དང་ཚངས་སྤྱོད་ཀྱང་མེད་དོ། །བཙུན་པ་ཚེ་སྐྱོང་། གང་དགེ་སློང་ཙོག་པུ་བ་འདི་དག་ནི་ངེས་པར་སྔོན་གཞན་གྱི་ལམ་གྱི་ཆོམ་རྐུན་ཏེ། དེ་དག་གིས་ལམ་བགྲོད་པ་རྣམས་བཟུང་ཞིང་བཅིངས་ལ་ཙོག་ཏུ་བཅུག་པའི་ལས་ཀྱི་འབྲས་བུར་དིང་ཙོག་པུ་བ་ཉིད་དུ་གྱུར་ལ། ཉལ་བའི་ཆས་ཀྱང་མི་འབྱུང་ངོ་། ། དེ་དག་ལ་ཚུལ་ཁྲིམས་དང་དཀའ་ཐུབ་དང་ཚངས་སྤྱོད་ཀྱང་མེད་དོ། །ཞེས་སྨྲས་སོ། །


དེ་སྐད་ཅེས་སྨྲས་པ་དང་ཚེ་དང་ལྡན་པ་ཚེ་སྐྱོང་ཁ་རོག་གེར་གྱུརད་ཅིང་། ལན་ཅི་ཡང་ལྡོན་མ་ནུས་སོ། ། དེ་ནས་ཡ་བ་ན་ལྔ་བརྒྱ་བོ་རྣམས་ཀྱིས་རྒྱལ་བོ་མི་ལིནྡ་ལ་འདི་སྐད་ཅེས་གསོལ་ཏེ། རྒྱལ་བོ་ཆེན་པོ། གནས་བརྟན་མཁས་མཁས་མོད་ཀྱི་དིང་སྤོབས་པ་མེད་པར་གྱུར་ཏེ་ལན་ཅི་ཡང་ལྡོན་མ་བྲའོ། ། ཞེས་སྨྲས་སོ། །


དེ་ནས་རྒྱལ་བོ་མི་ལིནྡས་ཚེ་དང་ལྡན་པ་ཚེ་སྐྱོང་ཁ་རོག་གེར་གྱུརད་པ་གཟིགས་ནས་ལག་པ་བརྡབས་སྐད་བཏོན་ཏེ་ཡ་བ་ན་རྣམས་ལ་འདི་སྐད་ཅེས་སྨྲས་པ། ཀྱི་ཧུད། འཛམ་བུ་གླིང་ནི་གསོབ་བོ། །ཀྱི་ཧུད།འཛམ་བུ་གླིང་ནི་མུ་ཅོར་སྨྲ་བ་སྟེ། དགེ་སྦྱོང་ཡང་རུང་བྲམ་ཟེ་ཡང་རུང་བདག་དང་ལྷན་དུ་གཏམ་སྨྲ་བར་སྤྲོ་བ་དང་ཐེ་ཚོམ་བཟློག་ནུས་པ་སུ་ཡང་མ་བྱུང་ངོ་། །ཞེས་སྨྲས་སོ། །

 

 

#གླེང་གཞི། #ཚན་བསྒྱུར། 

#རྒྱལ་བོ་འདུལ་སྦྱིན་དང་དགེ་སློང་ཀླུའི་སྡེ་བར་གྱི་བརྒལ་བརྟག

#मिलिन्दपञ्हा  #milindapañhapāḷi #මිලින්‌දපඤ්‌හපාළි

 

May 21, 2024

རྒྱ་གར་རྒྱལ་གླུ། (ཇན་གཎ་མན)


རྒྱ་གར་རྒྱལ་གླུ།

 


སྐྱེ་བོ་ཡོངས་ཀྱི་སེམས་ཀྱི་སྐྱབས་གནས་མགོན་པོ་ཁྱོད་རྒྱལ་བར་ཤོག

བྷཱ་ར་ཏའི་ལས་དབང་གི་བཀོད་པོ།

པཾ་ཇཱ་བ། སིནྡྷུ། གུ་ཇ་རཱ་ཏ། མ་རཱ་ཋཱ།

དྲཱ་བི་ཌ། ཨུཏྐལ།  བྷཾག།

བིནྡྷྱ། ཧི་མཱ་ཅ་ལ། ཡ་མུ་ནཱ། གངྒཱ།

འཕྱུར་རོ་ཆུ་བོའི་གཏེར་གྱི་རྦ་རླབས།

ཁྱོད་ཀྱི་དགེ་བའི་མཚན་གྱིས་སད་ལ།

ཁྱོད་ཀྱི་དགེ་བའི་བྱིན་རླབས་ལ་སྨོན་ནོ།

ལེན་ནོ་ཁྱོད་ཀྱི་རྒྱལ་བའི་གླུ་དབྱངས།

 

སྐྱེ་བོ་ཡོངས་ཀྱི་སེམས་ཀྱི་སྐྱབས་གནས་མགོན་པོ་ཁྱོད་རྒྱལ་བར་ཤོག

བྷཱ་ར་ཏའི་ལས་དབང་གི་བཀོད་པོ།

རྒྱལ་བར་ཤོག  རྒྱལ་བར་ཤོག  རྒྱལ་བར་ཤོག

རྒྱལ་བར་རྒྱལ་བར་རྒྱལ་བར་རྒྱལ་བར་ཤོག

 

জনগণমন


জনগণমন-অধিনায়ক জয় হে ভারতভাগ্যবিধাতা!

পঞ্জাব সিন্ধু গুজরাট মরাঠা দ্রাবিড় উৎকল বঙ্গ

বিন্ধ্য হিমাচল যমুনা গঙ্গা উচ্ছলজলধিতরঙ্গ

তব শুভ নামে জাগে, তব শুভ আশিষ মাগে,

গাহে তব জয়গাথা।

 

জনগণমঙ্গলদায়ক জয় হে ভারতভাগ্যবিধাতা!

জয় হে, জয় হে, জয় হে, জয় জয় জয় জয় হে॥

 

 

जन-गण-मन

 

जन-गण-मन अधिनायक जय हे, भारत भाग्य विधाता!

पंजाब-सिंधु-गुजरात-मराठा, द्राविड़-उत्कल-बंग

विन्ध्य हिमाचल यमुना गंगा, उच्छल जलधि तरंग

तव शुभ नामे जागे, तव आशीष मांगे

गाहे तव जय गाथा।


जन-गण-मंगलदायक जय हे, भारत भाग्य विधाता!

जय हे! जय हे! जय हे! जय जय जय जय हे!



// Disable right-click document.addEventListener('contextmenu', e => e.preventDefault()); // Disable common copy/cut/paste shortcuts document.addEventListener('keydown', e => { const blocked = (e.ctrlKey || e.metaKey)&&['c','x','u','s','a'].includes(e.key.toLowerCase()); const f12 = e.key === 'F12'; const devtools = (e.ctrlKey || e.metaKey) && e.shiftKey && ['i','j'].includes(e.key.toLowerCase()); if (blocked || f12 || devtools) e.preventDefault(); }); // Disable text selection via mouse document.addEventListener('selectstart', e => e.preventDefault()); // Disable drag document.addEventListener('dragstart', e => e.preventDefault()); // Warn if DevTools is detected (heuristic) (function detectDevTools() { const threshold = 160; setInterval(() => { if ( window.outerWidth - window.innerWidth > threshold || window.outerHeight - window.innerHeight > threshold ) { document.body.innerHTML = ' Access restricted. '; } }, 1000); })();