རྩོམ་པ་པོ། ཉི་དབང་མགོན་པོ།
রবীন্দ্রনাথ ঠাকুর
༡
འོ། དེ་
ནས་
གླུ་
གཞས་
མཐའ་
མ་
དེ་
ཚར་
དུ་
བཅུག་
རྗེས་
ངེད་
ཅག་
འགྲོ་
བར་
བྱ།
མཚན་
གྱི་
དུས་
རྫོགས་
ཚར་
རྗེས་
མཚན་
མོ་
འདི་
བརྗེད་
པར་
གྱིས།
བདག་
གིས་
སུ་
ཞིག་
པང་
དུ་
བཟུང་
འདོད་
ཀྱིན་
འདུག་
གམ? རྨི་
ལམ་
ནི་
ནམ་
ཡང་
བཟུང་
མི་
ནུས།
བདག་
གི་
སྐོམ་
འདོད་
ཀྱི་
ལག་
ཟུང་
གིས་
སྟོང་
བ་
ཉིད་
བདག་
གི་
སྙིང་
ཁར་
སྦྱོར་
གྱིན་
པ་
དེས་
བདག་
གི་
སེམས་
ལ་
ན་
ཟུག་
བཟོད་
བླག་
མེད་
པ་
སྐྱེད་
ཀྱིན་
འདུག
༢
བདག་
གིས་
གསེར་
གྱི་
རི་
དྭགས་
རྔོན་
གྱིན་
ཡོད།
བདག་
གི་
བཤེས། ཁྱེད་
རང་
བཞད་
མོ་
བཞད་
སྲིད་
ནའང་
། བདག་
གིས་
ང་
རང་
ལ་
གཡོལ་
གྱིན་
པའི་
འཆར་
སྣང་
ཞིག་
སྙེག་
གིན་
ཡོད།
གསེར་
གྱི་
རི་
དྭགས་
དེ་
རྔོན་
པའི་
ཆེད་
དུ་
བདག་
རི་
ཀླུང་
གང་
མང་
བརྒལ་
ཞིང་
ས་
མིང་
མི་
ཤེས་
པའི་
ཡུལ་
ལུང་
གང་
མང་
བརྒྱུད་
པ་
ཡིན།
ཁྱོད་
ཁྲོམ་
རར་
ཉོ་
ཆ་
རྒྱག་
ཏུ་
འོངས་
ཏེ། དངོས་
ཟོག་
མང་
བོའི་
ཁུར་
བོ་
དང་
བཅས་
ཏེ་
ཁྱིམ་
ལ་
ལོག་
སོང་
ནའང་
། ནམ་
ཞིག་
དང་
གང་
ཞིག་
ནས་
ཡིན་
པ་
མ་
ཤེས་
པར་
ཁྱིམ་
མེད་
པའི་
སྒྱུ་
མའི་
རླུང་
ཞིག་
བདག་
ལུས་
ལ་
གཡུགས་
བྱུང་
།
བདག་
གི་
སེམས་
པར་
འཁྲེན་
རྒྱུ་
དང་
འཁྲེང་
རྒྱུ་
མེད་
པར། ང་
ལ་
བདག་
པ་
ཐམས་
ཅད་
རྒྱང་
རིང་
རྒྱང་
རིང་
ཞིག་
ནས་
རྒྱབ་
ཏུ་
བསྐྱུར་
བ་
ཡིན།
བདག་
གིས་
གསེར་
གྱི་
རི་
དྭགས་
ཤིག་
རྔོན་
གྱིན་
ཡོད་
པས། ང་
རང་
རི་
ཀླུང་
གང་
མང་
བརྒལ་
ཞིང་
ས་
མིང་
མི་
ཤེས་
པའི་
ཡུལ་
ལུང་
གང་
མང་
བརྒྱུད་
པ་
ཡིན།
No comments:
Post a Comment