-->

Oct 14, 2011

ཕྱེད་ཀ་བཞེངས་ཟིན་པའི་ལྷ་ཡུལ།

ཕྱེད་ཀ་བཞེངས་ཟིན་པའི་ལྷ་ཡུལ།

ཋོ་མ་སི། ཋ་རན་སི་ཋྲོ་མེར།


















རེ་ཆད་དང་ཚོར་བས
རང་རང་གི་ལས་ཀ་སྒྱང་གིན་འདུག
བྱ་རྒོད་ཀྱིས
རང་ཉིད་ཀྱི་འཕུར་རྒྱུ་སྒྱང་གིན་འདུག


མ་ཞི་བ་དང་རེ་འདོད་ཀྱི་འོད་སྣང་དེ
ཡི་དྭགས་ཀྱིས་ཀྱང་རང་ཉིད་ཀྱི་ལས་ཀ་བསྐྱུར་ནས
པི་ཙི་གཅིག་རེ་གཅིག་རེ་ལེན་གྱིན་པའི་བར་དུ་ཕྱིར་ལ་བཞུར་གྱིན་འདུག


བདག་གི་བཟོས་བཞག་པའི་འདྲ་དཔར་དག་སྟེ
དགུན་དུས་ཀྱི་ཡིག་ཚང་དག་གི
ངེད་ཅག་གི་ནགས་ཀྱི་དུད་འགྲོ་དམར་དམར་དེ་དག་གིས
ཉིན་མོའི་གཟི་མདངས་ལ་ལྟ་བཞིན་འདུག


འདི་བཞིན་དུ
བྱ་དངོས་ཡོད་ཚད་ཀྱིས་རང་ཉིད་ཀྱི་ཁོར་ཡུག་ཏུ་ལྟ་མགོ་འཛུགས་ཀྱིན་འདུག
ཙད་གདུང་ཀློང་དུ
ང་རང་ཐེངས་མ་བརྒྱ་ཕྲག་ཏུ་སྐྱོད་ཀྱིན་ཡོད


གནས་འདི་རུ
མི་ཡོད་ཚད་ཕྱེད་ཕྱེ་བའི་སྒོ་མོ་རེ་རེ་སྟེ
དེ
མི་རེ་རེའི་ཆེད་དུ་བཞེངས་བཞག་པའི
ཁང་མིག་རེ་རེར་འཁྲིད་ནས་འགྲོ་བཞིན་འདུག


བདག་ཅག་གི་ཁ་འོག་ཏུ་མཐའ་མེད་པའི་སྤང་ལྗོངས་ཤིག་འདུག
ལྗོན་ཤིང་ཚོགས་ཀྱི་གསེབ་ནས
ཆུ་མོ་ནི་འོད་ཆེམ་ཆེམ་དུ་འདུག


ས་ལྒང་གི་ནང་ལོགས་ལྟ་བའི་སླད་དུ
མཚོ་མོ་དེ་སྒེའུ་ཁུང་ཤིག་དང་མཚུངས


༩།༡༠།༢༠༡༡


༢༠༡༡ལོའི་ཟླ་༡༠བའི་ཚེད་༩་ཉིན་གྱི་ཧིནྡཱིའི་ཚགས་པར་अमर उजाला<<འཆི་མེད་སྣང་བ>>ཞེས་པ་ལས་བསྒྱུར།
གསལ་བཤད།

ཕྱེད་ཀ་བཞེངས་ཟིན་པའི་དག་ཞིང་ངམ་ལྷ་ཡུལ་ཞེས་པ་འདི་སྭི་ཌེན་གྱི་སྙན་ངག་པ་ཁོང་གི་སྙན་ངག་གྲགས་ཅན་ཞིག་རེད་འདུག་ལ། ༡༩༦༢ལོར་བྲིས་པ་རེད་འདུག ཁོང་གིས་སྙན་ངག་ཕྱོགས་བསྡུས་ཀྱི་དེབ་<<རླབས་ཆེན་གྱི་གསང་བ>>་སོགས་གང་མང་ཡོད་པ་ལས། དེབ་གཅིག་གི་མིང་ཡང་<<ཕྱེད་ཀ་བཞེངས་གྲུབ་པའི་དག་ཞིང>>་ངམ་ལྷ་ཡུལ་ཞེས་པ་འདི་སྦྱར་འདུག སྙན་ངག་འདིའི་དབྱིན་ཡིག་ཏུ་བསྒྱུར་བའི་མ་ཡིག་ཇི་ལྟར་བཙལ་ཡང་མ་རྙེད་པས། དེ་རིང་ཧིནྡཱིའི་ཚགས་པར་<<འཆི་མེད་སྣང་བ>>ར་བཀོད་པ་གཞིར་བཞག་ནས་ཇི་བཞིན་བསྒྱུར་བ་ཡིན།

2 comments:

  1. ཕྱེད་ཀ་བཞེངས་ཟིན་པའི་དག་ཞིང་ངམ་ལྷ་ཡུལ་ཞེས་པ་འདི་སྭི་ཌེན་གྱི་སྙན་ངག་པ་ཁོང་གི་སྙན་ངག་གྲགས་ཅན་ཞིག་རེད་འདུག་ལ། ༡༩༦༢ལོར་བྲིས་པ་རེད་འདུག ཁོང་གིས་སྙན་ངག་ཕྱོགས་བསྡུས་ཀྱི་དེབ་<>་སོགས་གང་མང་ཡོད་པ་ལས། དེབ་གཅིག་གི་མིང་ཡང་<>་ངམ་ལྷ་ཡུལ་ཞེས་པ་འདི་སྦྱར་འདུག སྙན་ངག་འདིའི་དབྱིན་ཡིག་ཏུ་བསྒྱུར་བའི་མ་ཡིག་ཇི་ལྟར་བཙལ་ཡང་མ་རྙེད་པས། དེ་རིང་ཧིནྡཱིའི་ཚགས་པར་<>ར་བཀོད་པ་གཞིར་བཞག་ནས་ཇི་བཞིན་བསྒྱུར་བ་ཡིན།

    ReplyDelete
  2. སྐུ་ཞབས་ཟླ་བ་གཞོན་ནུ་ལགས།

    ཉེ་ལམ་སྐུ་བདེ། ཁོ་བོས་ཉིད་ཀྱི་བསྒྱུར་རྩོམ་སྭེ་ཊེན་གྱི་སྙན་ངག་པ་གྲགས་ཅན་ཐོ་མ་སི་ཐྲེང་སི་ཐྲོ་མེར་གྱི་སྙན་ངག༼ཕྱེད་ཀ་བཞེངས་ཟིན་པའི་ལྷ་ཡུལ༽ཞེས་པ་
    མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ་རུ་མཐོང་བ་དང་བམ་ཀློག་ཙམ་བྱས་པ་དང་དེའི་རྗེས་རྒྱ་འགྱུར་མ་དང་ཨིན་འགྱུར་མ་བསྡུར་ནས་བཀླགས་པར་ཧ་མ་གོ་བའི་གནས་འགའ་
    བྱུང་བས་ཉིད་ལ་དེའི་སྐོར་གྱི་ཁ་བརྡ་ཞིག་གློད་བསམ་པ་ཙམ་དང་ཉིད་ཀྱིས་ཡིག་རིགས་གང་ནས་སྙན་ངག་དེ་ཚུར་བསྒྱུར་བ་སོགས་ལག་རྩལ་རང་བཞིན་གྱི་སྐོར་ལ་བཀའ་
    འདྲི་གནང་བ་བསམ་པ་ཡིན་པས་ན་དེའི་སྐོར་ལན་ཞིག་སློག་པར་ཞུ་ཞེས་ཞུའོ།།
    གཞན་སྙན་ངག་གི་བསྟན་པ་དར་བར་བྱེད་པའི་སླད་དུ་སྙན་ངག་ཡག་པོ་འདི་བོད་ཡིག་ནང་བསྒྱུར་པ་ལ་ཐུགས་རྗེ་ཆེ་ཞུ་བ་ལགས་སོ།།

    ཞེས་ལྡོང་བུའམ་མིང་གཞན་སྨུག་པོར་འབོད་པ་དེས་སྤྲིངས་པའོ།།

    ReplyDelete