འུག་པས་བརྩམས།
མོན་ཆ་ར་ཡི་ལོ་མའི་ཚོགས་ནི་དྲག་ཆར་ཀློང་ནས་རྩེད་འཇོར་རོལ།།
ཆར་ཆུའི་རྡོག་པས་སྒེའུ་ཁུང་ངོས་སུ་ཐག་ཐག་སྒྲར་བཅས་རྡུང་བར་བྱེད།།
གློག་དམར་འཁྱུགས་པས་གྲིབ་གཟུགས་ནག་པོ་དྲ་མའི་ཡོལ་བའི་ངོས་སུ་འཆར།།
དགའ་དང་ཚིམས་པས་རྒྱབ་ཏུ་ཕྱོགས་པར་མཚན་དང་ཆར་བས་བདག་ཉིད་མྱིད།།
ཟླ་བ་གཞོན་ནུས་བསྒྱུར།
སྤྱི་ལོ། ༡༣།༣།༢༠༡༢ ༡༡།༠༠
སྙན་ངག་དངོས་གནས་སྙན་པོ་བྱུང་།
ReplyDeleteལོ་སྔོན་མ་ཞིག་ལ་ཀླུ་སྨྱོན་གྱིས་ངའི་སྙན་ངག་ཅིག་ལ་གསོན་ཉམས་ལྡན་ཞིང་རློན་ཤ་ཅན་ཞིག་ཡིན་མཆན་བུར་བཏང་འདུག སྐབས་དེར་གོ་བ་གང་ཡིན་མ་ངེས། ད་བསམས་ན་འདི་འདྲའི་རིགས་ལ་རློན་ཤ་བབས་ཡོད་པ་འདྲ། དྷ་སའི་རི་ངོགས་ཀྱི་དངོས་བྱུང་གཟུགས་བརྙན་ལྟ་བུའི་སྙན་ངག་དེ་ཁ་བརྡ་དྲ་བར་ཡོད་ཡ།
ReplyDeleteབཟོད་རྒྱམ། མཆན་ལ་བདག་གི་ཆོག་མཆན་མེད་པར་འདིར་འཆར་གྱི་མ་རེད།
ReplyDeleteདེ་བས་ཐེངས་གཅིག་བཀོད་དང་འཐུས་ངེས་ཡིན།
སྙན་ངག་རྙིང་བ་ཡིན་ནམ། ཁྱེད་ཀྱིས་གསུངས་པ་དེ།
Dansent les feuilles du chêne dans la tempête
ReplyDeleteFrappent les gouttes de pluie contre la fênetre
Un éclair illumine la silhoutte derrière le rideau
Heureuse et satisfaite, je suis partie
Laissant la nuit m'engloutir, et la pluie peser sur moi.
traduit par Jordan Thomas
ཕ་རན་སིའི་འགྱུར།