-->

Jan 22, 2012

བརྡ་རྙིང་བ།


བརྡ་རྙིང་བ།

སྒྲ་སྦྱོར་བམ་པོ་གཉིས་པ་ལག་བྲིས་མ།
སྒྲ་སྦྱོར་བམ་པོ་གཉིས་པ་ལག་བྲིས་མ།

བཀས་བཅད་གཉིས་པའི་སྐབས་སུ་བཅོས་པའི་བརྡ་རྙིང་

གང་ལ་ག་དང་ཅི་ཕྱིར་ལ་ཇི་རོབ་དང་ཇི་སྙམ་ལ་ཇི་ལྟར་དང་རྩེ་མོ་ལ་སྤྱི་བོ་དང་ཤིན་ཏུའམ་རབ་ཏུ་ལ་ཏེ་པོར་དང་ཡང་ཝཱ་ཌྷཾ་ཞེས་པ་བསྒྱུར་བའི་ཏེ་པོར་ནིདམ་པ་དང་སྲ་བ་དང་དྲག་པ་དང་ཚབས་ཆེ་བ་རྣམས་ལ་འཇུག་པ་དང་རྐྱེན་སྨན་ལ་རྐྱེན་རྩི་དང་ལྟག་པ་ལ་གླག་པ་དང་སྤོས་དང་སྤོས་ཕོར་ལ་པོག་དང་པོག་ཕོར་དང་བསལ་བ་ལ་བསྩལ་བ་དང་སོགས་པ་ལ་སྩོགས་པ་དང་བསུ་བ་ལ་བསྩུ་བ་དང་དྲི་བསུང་ལ་དྲི་བསྩུང་དང་བསངས་པ་ལ་བསྩངས་པ་དང་། ། རྫོཊ་སོ་ལ་རྫོགས་ཤོགཡོགས་པ་ལ་ཡོགས་པ་དང་གོ་ཆ་ལ་གོ་ཅ་དང་བྲག་ཆ་ལ་བྲག་ཅ་དང་རིན་པོ་ཆེ་ལ་རིན་པོ་ཅེ་དང་དཀོན་མཆོག་ལ་དཀོན་ཅོག་དང་རིན་ཆེན་ལ་རིན་ཅེན་དང་ཁྱིམ་ལ་སྡུམ་པ་དང་དབུས་ལ་དབུང་དང་འགྲོ་བ་ལ་བགོམ་པ་དང་གྲུབ་པ་ལ་རེད་པ་དང་འགྲེལ་བ་ལ་འགྲོལ་བར་བསྒྱུར་བ་ལ་སོགས་པ་མང་ ཡང་དེ་དག་ཏུ་ད་དྲག་དང་དཔྱིད་སླ་ར་བ་སོགས་དང་དེའ་ལའ་ནིའ་ཞེས་པ་ལྟ་བུ་འ་ཡིག་གི་མཐའ་རྟེན་སྦྱར་བ་སོགས་བརྡ་སྤྲོད་པའི་དགོངས་པ་ཡིན་ཀྱང་དོན་ལ་ཐོབ་པ་གཞིར་བཅས་ནས་ཡི་གེ་ཉུང་བའི་སླད་དུ་བཞག་པ་དང་ཡང་མྱེདམྱིན་སོགས་ཡ་བཏགས་པ་དང་རལ་གྱི་སོགས་ནི་ལོ་ཙཱ་བ་ཁ་ཅིག་གིས་ཡུལ་སྐད་ཤོར་བར་གྲགས་པ་ཡིན་ནོ། །

བཀས་བཅད་གསུམ་པའི་སྐབས་སུ་བཅོས་པའི་བརྡ་རྙིང་

གཉི་ཟླ་ལ་ཉི་ཟླ་དང་བསྟན་བཅོས་ལ་བསྟན་ཆོས་དང་སྟུག་པོ་ལ་འཐུག་པོ་དང་ཉི་ཤུ་དང་སུམ་ཅུ་དང་སུམ་བརྒྱ་རྣམས་ལགཉིས་བཅུ་དང་གསུམ་བཅུ་དང་གསུམ་བརྒྱ་དང་བསམ་གཏན་ལ་བསམ་བཏན་སོགས་འཆོས་པར་མཛད་ཀྱང་བཀས་བཅད་བར་པ་བཞིན་དུ་གནས་པ་མང་ཞིང་དེ་དག་གི་བརྡའི་ཁྱད་པར་གསུང་རབ་རྣམས་སུ་འབྱུང་བ་འདི་སྙེད་ཅིག་མཆིས་ཏེཀྭ་དང་གག___ཀྱེ་དང་གང་སྐྱོར་སྐྱོར___ཡང་ཡང་བླ་འོག___སྟེང་འོགབླ་སྐྱལ་བ___མི་ཟད་པརྩ་ལག___གཉེནགཉའ་བོ___དཔང་པོརིད་པ་དང་སྦེག་པ___དངོས་ངན་པ་དང་ཤ་ཆུང་བའམ་སྐེམ་པགྱ་བ___ཉམས་པགྱག་པ___བརླག་པཡེ་འབྱམ___སྟོང་ཉིདདབལ___ཏོག་དང་རྩེ་མོ་དང་ཤ་ཉམས་དང་མེའི་དྲོདངོ་ག___སྣང་ངོ་གམ་ཡོ___ཉེ་འཁོརདམུས་བྱུང___ཚི་ཆད་དམ་ཡི་ཆདཐེན་ཆེར___ཅ་རེག་ཞན___བཞད་གད་ཀྱི་སྒྲཡ་ལད___གོ་ཆ་སྤྱི་དང་སྐབས་ཐོབ་ཀྱི་རྨོག་གི་མིང་ལ་འཇུག་པའང་ཡོདགནའ___ཐོག་མའམ་སྔོནཡོད་དོ་ཅོག་དང་འགྱུར་རོ་ཅོག་ལྟ་བུའི་ཅོག___མཐའ་དག་གི་དོནགྱུར་ཅིག་གུ་ལྟ་བུའི་གུ___སྨོན་པའི་ཚིག། ། སྦྲེབས་པ___སྐེམ་པགསང་ཁུང___བཤང་ལམམདུང་དོར___རྒྱན་འགྱེདཆམ་དུ___གཏན་དུནོད་པ___ཐོབ་པའམ་བཞག་པཐ་ཚིག___ཚིག་གི་དོནབསྟི་བ___ངལ་གསོ་བབརྣག་པ___བསམ་པསྨྱང་བ___བརྐྱང་བནམ་ཞར___ནམ་ཡང་འོན་ཏང___འོན་ཀྱང་བཀྲི་བ___དྲང་བའམ་འཁྲིད་པདབྲག___བརགཟགས་པ___ཟགས་པཕྱམ་ཕྱད___མཉམ་ཉིདབགྲོ་བ___གླེང་བརྨ་ག་ཆད___ཡང་དག་པའམ་ཕལ་པོ་ཆེ་དང་སྙན་གྱི་གོང་རྒྱནབསྟར་བ___བྱི་དོར་ལེགས་པ་དང་གཟབས་པ་དང་སྤྲས་པ་དང་སེམས་ལ་སྒོམ་པ་དང་ཡོད་པ་ལགཏིང་ཕྱིན་པ___དཔྱིས་ཕྱིན་པབྲོ___མནའཆང་ཁྱུ___ཚོགས་པསྤ་ལོ___སྤོབས་པཐ་རམ___ངན་པབརྙང་བ___འཁྲུ་བདབྱེ___ཐང་བསྙིལ་བ___དོར་བའམ་ཕྱིར་བསྐྲད་པལག་པ་བསྙལ་བ___ལག་པ་བཀྲུས་པམཐོང་ག___བྲང་གླམ་པ___སྣམ་བུ་འཐུག་པོཁྲ་ཁྲོ་ཅན___སྤྲོ་ཐུང་བརུང་ཁུས་ཟ་བ___གཏུམ་པམགོ་ནན___ཐོག་མཇེ___དང་པོ་དང་རེ་ཞིག་ཅེས་པ་ལའང་གཞི་པོ___གཞི་མཇི་འོས___འཚམ་པགནོང་མི་བཀུར་བ___ཉེས་པ་ཁས་མི་ལན་པབསྒོ་བ་རྣར་གཟོན་པ___བསྒོ་བ་ལ་མི་ཉན་པའཆབ་པ___གསང་བའམ་སྦེད་པའཛན་དཀའ___སྦྱོར་དཀའའཁུ་བ___ཞེ་སྡང་བབཅབས་པ___སྦས་པགྱ་ཙོམ___མ་བརྟགས་པརྣ་བླགས___རྣ་བ་གཏོད་པཐ་ཆད་པ___ངན་པསྩེལ་བ___སེལ་བའཕྱེ་བ___འགྲོ་བསྨྲེང་ཚིག___གསང་ཚིག་དང་སྨྲ་བ་ཙམ་ལའང་སྨྲེང་བ___སྨྲ་བསྨྲེ་བ___ངན་པར་སྨྲ་བསྨྲེ་སྔཊ་ཀྱང་དེ་ཉིདརྨས་པ___དྲིས་པམི་འཇབ་པ___རྩུབ་པདྲལ་བ___བཅོམ་པའམ་ཞིག་པབླ་མཐང___སྟོད་སྨད་དམ་ཕྱི་ནང་བསོད་པ___བཟང་པོའམ་ལེགས་པབསྟབས་པ___བྲིམས་པའམ་བྱིན་པསྟོབ་པ___འབྲིམ་པའམ་སྟེར་བསྟོབ་པ___མགྲོན་དུ་གཉེར་བབྱེར་བ___སོང་བབརྟ་བ___རྒྱས་པར་བྱ་བབརྟས་པ___རྒྱས་པད་ཀོ___ད་ནིའདི་ཀོ___འདི་ནིབཀོན་པ___ཁྲོ་བཇི་ག___བརྟག་པཁྱོ་ཤུག___བཟའ་ཚོགཞོལ་བ___འབབ་པཉིས་ན___རྣམ་པ་གཉིས་སུ་ན་ཞེས་པ་ལྟ་བུའམ

ཡང་ན་ཐ་བ___རེངས་པམཐར་གྱིས___རིམ་གྱིསགཞར་ཡང___སླར་ཡང་ངམ་ནམ་ཡང་མནོས་པ___བསམས་པགྱ་ནོམ___ཕུན་སུམ་ཚོགས་པགྱ་ནོམ་སྣང་བ___ཡོད་པ་དང་ལེགས་པའི་དོན་ཡང་ཡིནཕྱད་པར___རྒྱུན་པརབསྣམས་པ___ཐོགས་པཤ་དག___ཤ་སྟགའཇུད་པ___འཇུག་པརྔུབ་པ___འདུས་པའམ་འཇུག་པཚམ་ངམ___འཇིགས་སྟངསབབ་བབ་བམ་བབ་ཅོལ___མ་བསམ་པར་སྨྲ་བའམ་འཕྲལ་མཕྱང་ཡར___འཕྲིན་ལསསྣམ་ལོགས___ཟུར་དང་རྒྱབསྣྲེལ་ཞི___ལོགས་སམ་འཕྲེད་དམ་འཆོལ་པ་གོ་རིམས་སུ་མི་གནས་པཉོད་པ___ཟསརོད་པ___གོསཡོང་ཡེ___ངེས་པར་རམ་རྣམ་པ་ཀུན་ཏུའམ་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་ཞེས་པ་ལྟ་བུབསྟིར་མེད___མནར་མེད་དམ་ངལ་གསོ་མེད་པསྤྲིབས་པ___ལྟོགས་པབྲུ་བ་ཚ་བ___བཀྲེས་པབས་པ___ཟད་པའམ་མཐའ་དག་པབརྣན་པ___ངེས་བཟུང་རམ་ཤག___འབྱོར་བམནངས___ནོམ་པའམ་སྲིདམཐའ་གྲུ་དང་ཐག་གྲུ___རྒྱ་ཁྱོནམནབ་རྩལ___ཁ་ཟསགཡེར་པོ___མཁས་པའམ་གྲིམས་པཁོས་རང་ཆབ་མི་འཚལ་བ___མདུན་མ་ཆུད་མི་ཟའོབསྐྱུད་པ___བརྗེད་པཁད་ཀྱི___དལ་བུབྱུར___མྱ་ངནཡོལ་གོ___སྣོདབསྙེངས་པ___འཇིགས་པབསྙེམས་པ___ང་རྒྱལཡུག་པ་དང་ཡོབ་ཡོབ___རྐང་པསུག་པ___ལག་པནེམ་ནུར___ཡིད་གཉིསརྒྱ་ཅང___སྐ་རགསགུར་བུ___གྲུ་བཞིགྱི་ན་དང་གྱིན་འདར___དམན་པའམ་དོན་མེད་དམ་རང་བཞིན་པབརྟད་པ___གློ་བུར་བམི་ཡོགས་པ___མི་ཁེབས་པའུབས་པ___འདུས་པཁུད་པ___སྐྱེས་སམ་རྫོངསསླགས་པ___བཀོད་པཕྱང་ཆད___ཐག་བཅདལ་གོར___མགྱོགས་པའམ་སྐྱེན་པམུར་འདུག___མུ་སྟེགསཅོ་འདྲི___མཐོ་འཚམགཞེར་བ___བསྟེན་པཡེལ་འཕྱོས___ཟུང་འཇུགའཆོས་པ___ཟོས་པའདུ་འཕྲོད___ཚོགས་པཕྱ་ལེ་བ___མཉམ་པཆིབ་པ___ཁྱབ་པཁོས་པ___འདུན་པངོ་མཐོན___ནན་གྱིམོལ་པ___གཏམ་མམ་གྲོསཚུད་མོ་མཁན___རྐོས་མཁནགོ་འདུན___ཚོགས་ཤིང་འདུ་བགཞུར་བརྟག___ཟུར་ཟ་བཉེར་བསྡོགས___སྟ་གོནམྱག་ཕྲན___མདའགོར་མ་ཆག་པ___ཐེ་ཚོམ་མེད་པགོར་མ་བཀུམ་པའང་དེ་ཉིདགནམ་རུ___གཞུསྤྲུག་པ___ཟད་པབཀར་བཏགས___ཁྲིམས་བསྒྲགས་པཕུང་ཀྲོལ___དོན་མེད་པལྷཊ་པ___གཏད་པཕྱར་གཡེང___རྣམ་གཡེང་དང་རང་ཉིད་འདོད་པའི་ཆོས་གཞན་ལ་ངོམ་ཞིང་སྒེག་པའི་དོན་ཡང་ཡིནསྒམ་པ___ཟབ་པབགམ་པ___ཉམས་སད་པམནབས་པ___གྱོན་པརྩེག་ལོག___ཕྲན་ཚེགས་སམ་སྲེད་ཞེན་ཆེ་བཚར་ཕྱིན___མཐར་ཕྱིནདབབ་པ___འབེབས་པའམ་བཞག་པགཟས་པ___བརྡེག་པར་བརྩམས་པཕོན་པོ___ཚོགས་པའཛེར་བ___སྨྲས་པའམ་ཟེར་བའཆེལ་བ___ཞེན་པའམ་འཆད་པཐ་རམས___གཏམས་པཕྱིས་བུ___སྣོདརྩེར་ཕྱིབས___མཐར་ཕྱིནགླལ་བ___ཁ་གདངས་སམ་རྣམ་པར་བསྒྱིངས་པཀླུབས་པ___ཕུབ་པའམ་གྱོན་པགཡེམ་པ___འདོད་པམུ་ཅོར___ཁ་ཟེར་བ་དང་ཁ་དྲགགནམ་པོ___དྲང་པོའཇུག་པརཀྱེ་མ་གཞན་གྱི་གནམ་པོ་ཉིདཅེས་པ་ལྟ་བུའོཁོར་ཟུག___ཁོར་ཡུགཆབས་ཅིག་པ___ལྷན་ཅིག་པཆུབ་པ___རྟོགས་པགོ་འདུན___སྣ་ཚོགས་སམ་གང་མོསམོང་དུ་ཆུད་པ___ཁོང་དུ་ཆུད་པརླིབས་པ___རྒྱ་ཆེ་བམཆིལ་པ___ལྕགས་ཀྱུལྕགས་ཀྱོ་ཞེས་པའང་དེ་ཉིདའགྱེད་པ___འགྱོད་པཟང་ཟིང___ཤའམ་ཟསཟང་ཟིང་སྦྱིན་པའང་གཙོ་བོར་ཤ་སྟེར་བའི་དོན་དུ་བཤདའགྱེར་བ___སྤོང་བགེར་མ___རག་མརུམ___ལྟོ་བའམ་ཕགཕོམ་པ___བུམ་པརྟོན་པ___འདོད་པའམ་རྗེས་སུ་འབྲང་བདོན་ལ___མི་རྟོན་ཚིག་ལ་རྟོནའཕྱོ་བ___ལྡིང་བའགེམས་པ___འཇོམས་པསྙུགས་སུ___ཡུན་དུདབྲོག་པ___འཕྲོག་པགླེབས་པ___མནན་པརྗེན་པ___གཅེར་བུའམ་རྐྱང་པགལ་གྱིས___ནན་གྱིས་སམ་རྒྱལ་གྱིསའཇེན་པ___ལེན་པ་དང་བཅགས་པ་དང་དངོས་པོ་ཡིད་དང་རྣ་བར་འཐད་པ་ལྟ་བུ་ལའང་ཡོདརླུགས་པ___ལུག་པ་སྟེ་ཟས་མ་ཞུ་བ་ཕྱིར་བྱུང་བནོངས་པ___ཉེས་པའཕྱེ་བོ___གོང་པོའམ་ཡན་ལག་མེད་པར་ལྟོ་བས་འགྲོ་བཚུར་ཤེག___ཚུར་ཤོགལྕེ་རྟེན___བརྗོད་པའམ་སྙད་འདོགས་པསྲིབས་པ___བསྒྲིབས་པའམ་གྲིབ་རི་དང་མཚན་མོསླག་པ___པགས་པའི་གོསསྡོད་པ___འཕེན་པཁོལ་མའམ་གླང་མིག___སྐར་ཁུང་འདི་དཀར་གསལ་དང་མུན་དཀར་ཟེར་བ་དང་བསྟུན་ན་དས་འཕུལ་ཐོབ་པར་སྣང་ཡང་འདུལ་བ་ལ་སྐར་ཚོད་བལྟ་བའི་རི་མིག་བཞག་པ་ལས་བཏགས་པའི་བརྡ་བཙན་པར་བྱས་པའོའགྲེམས་པ___འགྱེད་པགསེག་ཤང་དང་གསིལ་བྱེད___འཁར་གསིལསྤྱི་ཏོར་ཅན___གཙུག་ཏོར་ཅནགསོང་པོར་སྨྲ་བ___སྔར་སྨྲ་བའམ་དྲང་པོར་སྨྲ་བདོ་ཀེར་ཅན___ཐོར་ཅོག་ཅནདཔེ་མཁྱུད___ཆོས་སྟོན་འོས་པ་ལའང་སྦ་བའབེལ་བའི་གཏམ་དང་བཀའ་མཆིད___ཡང་དག་པའི་གཏམམཁྱུད་སྤྱད___མན་ངག་ཕྲན་བུ་སྦས་ཏེ་འཆད་པམྱུར་ཐུག___མཐར་ཐུགཕོལ་བ___རྟོགས་པལ་ཟླས་པ___ཐག་བཅད་པལ་ཟློ་བ___མཐའ་འགེགས་པའམ་ཐག་གཅོད་པམི་ཆ་བ___མི་ཤེས་པཆ་མེད___རྒྱུས་མེདགཏོལ་མེད་པ___ཐབས་མེད་པའམ་རྒྱུས་མེད་པཅི་གར___ཇི་ལྟརཅི་ཆིབ___མཐར་ཕྱིནགར་ཅིག___གང་ཞིགསྨྱན་ཀ___གཉེན་ཀའབགས་པ___ཉམས་པདམུན་པ___བླུན་པོཤོ་བེ___རྫུནཤོབ་ཀྱང་དེ་ཉིདཤིད་ཟན___རོ་ཟན་ནམ་གཤིན་ཟས་སམ་དད་ཟསཤིད___གཤིན་པོ་ལ་དམིགས་པའི་དགེ་བ་བསྒྲུབས་པཕྲུ་མ___ཕོ་བྲང་ངམ་དམག་སྒརསྤོང་བ___རྩེ་བབརྟུན་པ___བརྩོན་པསྒོ་འཕར___སྒོ་གླེགསསྤྱོས་པ___སྡིགས་པའམ་ཁྲོས་པསྙེམ་པ___གཡེལ་བའམ་སྙོམས་ལསདབྱེ་ཚོང___ཚོང་ཁང་ཐང་ལ___བཀྲམ་པབསླན་པ___བསྡུས་པའམ་ཕྱོགས་གཏོགསཚོག་ཕོར___རྫོགས་པརབདར་བ___བཅད་པའམ་གཞོགས་པགཟེངས་པ___བརྐྱང་པའམ་གཟི་བྱིནའཆེག་པ___འཇིག་པགློས་པ___རྨོངས་པརྨེག་མེད___གཏན་མེདགཡེན་སྤྱོ་བ___ཅོ་དྲིའམ་སྡང་བར་བྱེད་པགཡམ___ཞརརྨེད་པ___གསོལ་བསློང་ཕོར___ལྷུང་བཟེདབྱ་མ་རྟ___ཉན་རྣའམ་བང་ཆེནབྲོ་འཚལ་བ___ནད་པད་བུར___སྲེག་གནསབསེལ་བ___སྐྱེལ་མའམ་འཇིགས་པ་ལས་སྐྱོབ་པགཙུག་ལག___སྡེ་སྣོདབསོད་ཉམས___འདོད་པ་ལ་ལྷག་པར་ལོངས་སྤྱོད་པའི་མིང་བསྙད་པ___བཤད་པགོ་རེ___རྫོགས་པབརླང་པོ___རྩུབ་མོགཞོགས་སྟེགས___ཟུར་མིག་གམ་སྐེག་ཆོསཤུར་བུ___སྐ་རགསའཛན་མོ___བགྲོད་བྱ་སྟེ་བུད་མེདའཇུད་མཐུན་དང་འདོད་འགྲོ་དང་གཟུགས་འཚོང___སྨད་འཚོང་ལག་གི་བླ___ལས་དེ་དང་དེ་ལ་བསྐོས་པའཛན་ཕོ___བགྲོད་བྱེད་དེ་སྐྱེས་པསྐ་རགས་ཕོག་གུ་ཅན___སྐ་རགས་རྒྱན་ཅནའཐབ་ཀྲོལ___གནོད་རྒྱུའགྲེ་བ___གཡོ་བདོ་ཟན___མཆིང་བུལྕགས་ཕོད___སྐ་རགས་ཀྱི་རྒྱནཁོད་སྙོམ་པ___ཡིད་མི་དགའ་བའམ་སྒྱིད་ལུག་པདཀྱུས་མོ___མགྱོགས་པའམ་རྒྱུག་པདང་ལ___རྫིང་བུཀླབ་པ___ལ་བདམ་རྒྱ___ཁྲིམསཞ་སྒྲེ___རྣ་མེདལྟག་སྒྲེ___ལྟག་ཐེརགོར་མོ___སྡང་སེམསརྣ་བྲང___མདེའུབཤུག་པ___བསླང་བཔུས་མཁྱུད___སྒོམ་ཐགགཡར___ཁའམ་གདོང་ངམ་མདུནཧྭགས___བུ་རམ་གྱི་དྭངས་མའི་ཤ་ཁ་ར་སྟེ་འགྲེལ་པ་ཟླ་ཟེར་དུ་གལ་ལ་ཞེས་ཀྱང་གྲགས་པཐགས་རན___བཏགས་པརྨས་པ___ཉམས་པམངན___མཐུདངར___གྲལ་ལམ་ཕྲེང་བགསུག་པ___རྔན་པབརྔན་ཞེས་པ___མཆོད་པརྣམ་འདལ___རྣམ་འདུདའགྱེད་པ___གཏོང་བདབྲེས་པ___བརྗེས་པབསེན་ཁུས་པ___གཉེན་བསླུས་པབརྒྱད་བཀག___ཁ་སྨྲས་སམ་བཀྱོན་པའོ___ནི་འདིབཟླུགས་པ___ཞུས་པའམ་དྲིས་པཔོ་ཟོས་ཀྱང___ཇི་ལྟར་ཐོགས་ཀྱང་ཞེས་པ་སྟེ་ཡུལ་སྐད་ལ་པོ་མཐོ་ཡང་ཟེརསྤྱོན་པ___འབོད་པའི་བརྡ་ཚུར་ཤོག་ཅེས་པ་ལྟ་བུའོ། ། བྱོན་ཅེས་པ་སླེབ་ཟིན་པའི་དོན་ཏེ་དིང་སང་བརྡ་ནོར་མང་འབྲོངས་པ___ཉེ་བར་བསྟེན་པབཤེས་སྤྲིང་དུ་མཐོ་རིས་བུ་མོས་འབྲོངས་ཤིང་ཞེས་པ་ལྟ་བུའོ། ། མི་སློན___མི་ཟློགསསྨག___མུན་པགོ་ར___བཙོན་རཡ་མ་བརླ___སྙིང་པོ་མེད་པའམ་མི་བདེན་པཀླད་རོལ___ཕྱི་རོལཆང་ཐུབ___གང་ཟགདོག་མ___མདུནགེལ་པ___ཡལ་གའཕག་པའམ་ཆ་བ___འཇུག་པརན་པ___ལྕུག་ཕྲནརེང་བུ___འབྲེལ་མེད་དམ་རྐྱང་པམི་འགོང___མི་ཞུམཐན་ཀོར___ཉེ་འཁོརབོག་རེ___བ་གམམ་སྟེས་པ___མ་ལེགས་པསྟེས་དབང___སྟོབས་ཤུགསགནའ་བོ___སྔོནསྣ་བོ___གཙོ་བོམི་གུ___མི་ཞུམཉེའུ་གྱི___བཅུད་ཚོརཉེན___རྨང་བེ་ནོ___འཛིན་པསྲོ་གང___ཁྲུསདཀུ་མཉེདྲིལ་ཕྱིམེསྟན་རྣམས་ཀྱི་མིང་འདི་ལ་བསྲོ་ཁང་ཞེས་པའང་སྣང་ཇེང___རྒྱུད་མངས་སམ་དབྱངསརྨང་ལམ___རྨི་ལམགྱ་ཐོ___རྣ་རྒྱནལན་བོན___ལན་སློནམདོང་མོ___མཇུག་དོའི་ནང་རྣིལ་ནད___སོ་རྙིལ་གྱི་ནདརྔུབ་རེ___ཧུབ་རེཆུ་བྲུབ་པ___ཁོལ་བའམ་རྦ་ཀློང་ཉུག་རུམ___རླིག་ཕྱུང་སྟེ་བཙུན་མོའི་འཁོར་དུ་འབྱུང་བཞོགས་མ___སྟེང་གཡོགསགཞའ་བ___མགུ་བགཞའ་ཚོན___འཇའ་ཚོནབསྐྱད་པ___བསད་པའམ་འགྲན་པཕྱི་བི___ཕྱི་རོལཕ་བི___ཕ་རོལདགོན་དུང___ཆུ་མེད་པཚ་སྒོ་ཅན___བ་ཚྭ་ཅནམོང་བརྟུལ___བླུན་པོལུང་བོང་དང་བན་ཀླང___བ་གླང་ཕོལ་མིག___འཁོར་ལོམཚུན___ལྷའམ་ཕ་མེསའཆེས་པ___ཁས་ལེན་པའཕེའུ___གསོལ་བགཞའ་གསང___གཡུང་དྲུང་ངམ་འཕྲིན་ལསདམ་དེམ___དམ་བཅའཕྱང་སྤྲུལ___རྒྱན་ནམ་སྤུད་པདབུ་རྨོག___དབུ་འཕང་ཡིད་སྨོ___ཡིད་དགའགཉི་ཟེར___ཉི་ཟེརསྦོན་པ___ཟ་བརྙོང་བ___བརྐྱང་བའབྱེར་བ___འགྲོ་བའདྲིད་པ___སླུ་བགཟོད་མ___དང་པོརིལ___ཐམས་ཅདགཟེབ___གུརཀློང་དུ་གྱུར་པ___དབང་དུ་གྱུར་པབཅིབས་པ___ཞོན་པམི་བཟད་པ___དྲག་པོདྲག་ཤུལ___མི་སྡུག་པགཅམ་བུ___བཅོས་མབརྐམ་པ___འདོད་ཞེནབརྐམ་ཆགས___འདོད་ཆགས་ཆེ་བའཆོབས་ཤིག___གསོངས་ཤིགགཉོད་ཀ___འཁོས་ཀགཡུང་བ___ཞན་པབརྟུན་ངེས་པ___གཟུ་ལམ་དང་རང་བཟོགཞིབ་པ___འཇིབ་པགླགས་པ___འཇུག་པའམ་འགྲོ་འཚམསདོང་སྟེ___སོང་སྟེའདོང་བ___འགྲོ་བདཔེན་པ___མཁོ་བའམ་འཕངས་པའམ་ཡིད་དུ་འོང་བབཙོག་པོ___ཕོ་བཙོགརྙོང___གལཇིས་ན___ཅིས་ནཏ་ལ་ལ___སྒྲོན་མེབསྙུངས་པ___ཉུང་ངུར་བྱས་པབསྙེན་སྲིང___ཉེ་རིང་སྤང་བྱེད___རྡོ་བཀོས་ཐག___ཉམ་ཐགསྔ་མཁོ___སྔར་བཞིནསྨྱུར་ཏེ___མྱུར་དུའོན་ཅིག___བྱོན་ཅིགལྡེམ་པོ___དྲད་པོ་མིན་པཉིང་ཏོར___ངེས་པརབྱོས་ཤིག___གྱིས་ཤིགརངས་པ___དགའ་བ་དང་རིལ་པོཁོང་འཁྱིད___ཁོང་འབྱིནགཏུ་ལུམ___བཟི་བགྱུ་བ___བཀུར་བཕོ་ཐེག་ཆེ་བ___ཁེངས་པ་སྟེ་ལྟ་བ་མཐོ་བའི་དོནཕོག་སྙ་ཆེ་བ___སྲན་ཆེ་བརྨེ་བ___སྨྲ་བརྨུན་པོ___བླུན་པོའཕན་པ___ཆག་པའམ་ཉམས་པཆུའི་དངོ___ཆུ་ངོགསགྲིའི་དངོ___གྲིའི་སོཡོན་ཁར་བ___ཡང་དག་མིན་པའོར་འགའ___རེས་འགའའབྲུས་འགོགས___བརྩོན་འགྲུསའབོགས་པ___བརྒལ་བའབོག་པ___བརྒྱལ་བབྱ་རྐོན___བྱ་རྒྱགཉིག་ཏུ___གཅིག་ཏུབློང་བ___རྨུགས་ཤིང་སོང་བབློ་བློང___ཡི་མུག་གམ་རིག་པ་མི་གསལ་བབློང་བློང་ཡང་ཟེརགཞེན་འདེབས་དང་གཞན་བསྐུལ___དྲན་བསྐུལཆད་པའམ་བང་སོ___དུར་གྱི་གནསཕོལ་ཏེ___ཕན་ཏེའུང་ནས___འདི་ནསཉིད་གྲུལ___རིགས་ངནརྔད་མོ___དམོད་མོརང་ཉམས___རང་བཞིནའགྲན་དོ___འགྲན་ཟླཡིབས་སུ___དབྱིབས་སུབླ་ཁྱད___དྲེགས་པའུང་ཏེང___འོན་ཀྱང་འོར་པ___བོར་བཕ་ལོགས___ཕ་རོལགྱིམ་ཤིང___རོལ་མོཆོ་ལོ___རྒྱན་པོཟུས་ནས___ཟུག་ནསབློན་འདེབས___ཆོས་སྟོན་ནམ་ཟུར་ནས་གྲོས་འདེབསགདས་པ___སྨྲ་བའམ་ཞུས་པའམ་ཞུ་བསྣ་རུ___ན་རོའགྲོངས___རྨའི་སྒོམཆིས་འབྲང___ཆུང་མམ་དྲངས་པ___མ་དུལ་བགཞོངས___ལྗོངསབུས་པ___བྱིས་པའཇེབས་པ___འགྲོགས་པའམ་ལེགས་པའམ་སྙན་པནན་ཏུར___ཆད་ལསཡུས་ཏེ___བདེན་ཏེཞ་འབྲིང་དང་ཞམ་འབྲིང___ཞབས་འབྲིང་རྨེན་ངན___ལྟས་ངནགཏི་བ___སྨྲ་བསླད་བཞིན___ཕྱི་བཞིནགཤོར་བ___རྩུབ་པའཕྱན་པ___འཁྱམ་པགཤོར་བ___སྣོདཀླག་ཅོར___ཅ་ཅོཤེན་པ___བཤེན་པརྙིས་པ___རྙིངས་པསྨྱེ་བ___ཞན་པལེའུ་གློན་པ___ལན་ལྡོན་པའདྲག་མཐིལ___ལག་མཐིལབུམ་བུ___བུམ་ཆུང་རྩིག་གུ___རྩིག་པབྲུངས་ཀྱང___ཀུན་ཀྱང་རེ་རྨ___བུད་མེདནན་ཐུར___ནན་ཏནགཡུར་དང་ཡུར___གཉིདསྒྲེའུ་ཆུང___འཛག་སྣོདཔར་ཏང་དང་དྲེའུ་རྔོག___སྟན་ཁྲ་བོསྨྱུགས་ནས___བཅུག་ནསདཀུ་སྟེ___ལྷག་སྟེམ་ལ___ཀྱེ་མའམ་ཀྱི་འུདངོག་གོ___ནོན་ནོམདུན་བདར་བ___མདུན་ནས་བསྟོད་པའམ་མདུན་དུ་བགྱིས་པཐོང་ཁོར___གར་བུལག་ཏུབ___སྒྱོགསལྡོངས་པ___ལོང་བདམིགས་བུ___ལོང་ཁྲིདངོག་ན___སོང་ནམོད་མི་དམའ་བ___དཔངས་མཐོ་བའམ་ཕྲ་མོ་མ་ཡིན་པརྙོང་ངམ་བྱུག་པའམ་སྐྱང་ནུལ___ཞལ་བཞལ་ཞལ་ཀྱང་དེ་ཉིདཐན་སྐོར___ཉེ་སྐོརཡུགས་ཤིག___བྱུགས་ཤིགཟ་ཕོད་པ___ལྟོ་ཆེ་བལྟུང་རུས___ལྟུང་འབྲསའཛེར་ཏོ___ཟེར་ཏོདུགས་ཁང___ཁྲུས་ཁང་དཔྱ་བ___འཕྱ་བསྔ་ཟ___སྔ་བཚང་མང___ནགས་ཚང་ངམ་མེ་ཁང་ཁུ་ཤ___ཤ་ཁུཐམ་ལག___མན་ངག། ། ལས་ཀན___ཁ་ཁྱེར་རམ་སྟེགས་བུགཞགས་པ___བརྒྱན་པའདྲུབ་པ___འཚེམ་པདྲུབས་པ___བཙེམས་པདེ་མོ___དགོས་པརྣམ་ཕྱིས___ཕྱི་ས་ཁང་པསྐུན་བུ___གཞོང་བུཡ་གད___རྐང་རྟེན་ནམ་སྐསཅི་ཆོག___ཅི་ཡོདཐ་གི___ཞི་བརྒྱུ་ཁུ་ཅན___གཅེར་བུ་པགཟར་ཐག___དཔྱང་ཐགསླས___བཙུན་མོའི་འཁོརགྱོང་རལ___ས་ཞག། ། བཤུལ___ལམམད་པ___བདེན་པསྤྱན་པ___བྱ་ར་བཆེམས་པ___འཕྲིན་པམདུན་ཁང་ངམ་བཀད་ས___འདུག་སའདུག་པ___ཚོགས་པཚིག་གུ___འབྲས་བུའི་སྙིང་པོསྐྱེས་ཕྲན___དར་ལ་བབ་པལྕེ་རྟེན___བརྗོད་པའམ་སྙད་འདོགས་པརེགས་པ___བྲེགས་པསྐྱོས་པ___ཉམས་པཆུ་འདལ་བ___དལ་པོར་འདུག་པའི་ཆུཉུལ་བ___བུལ་བའམ་འགོར་བགཞར་བ___མཐུན་པཆན་པ___ཁྱེ་བོའམ་གྲི་གུགལྡང་སྐོ་སྐ་དང་བསེ་ཁ་སྒོ___སེང་གེ་ཤ་ར་བྷ་སྟེ་སེང་གེ་རྐང་པ་བརྒྱད་པའི་མིང་ཆེད་འགའ___རེས་འགའསྐྱོ་སྔོགས___འཁྲུག་པབགས་ཀྱི___རིམ་གྱིནོད་པ___ལེན་པའམ་ཐོབ་པབརླ་བརྙན___སྣོན་པཚང་ཐུར___གོས་ཤུབསབརྙན་པ___གཡར་བབརྙས་པ___གཡས་པསྐབས་ཐོབ་ཉོས་པ་ལའང་ཡུ་བུ___རང་རེའམ་བདག་ཅགཁོམ་པ___དལ་བཕོ་ལོང___གྲུ་གུཕྱག་ལས་ཁོམ___ར་རོ་བདགུམ་པ___གསོད་པའགུམ་པ___འཆི་བབཀུམ་པ་དང་གུམ་པ___བསད་པའམ་ཤི་བརྨེད་དུ___གསོལ་དུའཁོབ་པ___ངན་པའམ་མཐའཛི___རླུང་འཁྲུན་རིང___མཆུ་རིང་ངམ་དཀྱུས་རིང་བརྣོགས་པ___བསྡམས་པའམ་སྦས་པམནགས་པ___བཟོད་པའམ་བསྲན་པདྲལ་པོ___མིང་པོཆེ་ཞེ___ཨ་ཆེའམ་སྲིང་མོའབྱེས་པ___མཛེས་པའམ་མཚམས་ཕྱེད་པསྤུ་ལ་བབ་པ___རུང་བམི་ཆོག___མི་ཕོདཤིང་ཐགས___ཅོགརྩང་ནན___བཏུང་བའཐམས་པ___བྱམས་པའཁམས་པ___བརྒྱལ་བསྡུམ་མཚེས___ཁྱིམ་མཚེསདབང་ཐང་ཆེ་བ___སྐལ་བ་ཆེ་བའམ་དཔལ་ཆེ་བའམ་སྐལ་བ་བཟང་བམ་ནངས་པ___མ་ལངས་པནངས་ཀྱི___སྔོན་གྱིགཡེར་བག___སྣང་གཡེལ་ཅནབརླམས་པ___བསྐྱོད་པསྒྲེ་བོ___ས་རྗེནའོད་པ___ཡོད་པམིག་གི་རྔུ་མ___མིག་གི་དྲི་མའམ་སྐྱོ་མསྦལ་དུ___དོང་དུཕྱུགས་ཕྱུང___གཞོན་ནུ་མསྣོག་གཟན___འཁུར་བབྱ་མོ་ཟབ___མཆོད་རྫསལན་ཀན___པུ་ཤུརྒྱུན་ལུགས___རྒྱུ་འགྲུལགཡར་འདྲེན___སྤྱན་འདྲེནགཡར་ལེན___ཁས་ལེནགཡར་དམ___དམ་བཅའགཡར་ལམ___མདུནགཡར་ཁྲལ___ཁ་ཁྲལ་ལམ་ངོ་ཁྲལགཡར་ཚ___ངོ་ཚགཡར་ཁམས___སྐུ་ཁམསགཡར་ངོ___གདོང་སྒེའུ་ཆུང___འགྲོ་བསྒེའུ་གཤེར___ཁ་འདམ་སྟེ་བཅའ་སྒ་དང་རོ་ནུས་ཆ་མཐུན་ཞིག་གི་མིང་དྲུང___རྩ་བའགྱུར་བྱེད___པྲ་ཆལམི་ངས___མི་ནད་དམ་རིམས་ནདཞལ་ཚུས___ཞལ་ཟསལོང་བུ___ཤིང་ཏོགའོས་པ___གཅེར་བུ་པརྩེན་པ___རྩེ་བའམ་རོལ་བབླ་གབ___སྟེང་གཡོགསཐོམས་ཤིག___སོམས་ཤིགམཐོལ་བ___སྨྲ་བའམ་མི་སྦེད་པབཤོས་པ___འཁྲིག་པགཏམ་འདྲེས་པ___ཕེབས་པར་སྨྲ་བསྨོན་འདྲིན___གྲོགས་པོལྟག་འོག___སྔ་ཕྱིའམ་གོང་འོགསྤུན་པ___བསྟུན་པཐོག་ཐོག___དང་པོརེག་ཟིག___ཟིན་བྲིསབོན་པ___ཟླས་པནེའུ་ལྡང___ན་ཟླསྒོག་པ___སྒོག་སྐྱ་སྟེ་ར་སུ་ནའམ་ལ་ཤུ་ནཀུན་དོང___བཙོང་སྟེ་པ་ལཱ་ཎུཀེའུ___རི་སྒོགཧབ་ཤང་མཚེའུ___དབང་ལགལིག་ཤི་ཝེར___ཛཱ་ཏི་སྟེ་སྣ་མའི་མེ་ཏོགཀྲུ་ཀྲུ་ཏྲེས___ཙི་ཏྲ་ཀཇ་ཧོང___བཙོད་མདོགསླད་ཚ___མི་གཙང་བའམ་བཤང་བཐོབ་ཀྱིས་འཇལ་བ___ཐབས་ཀྱིས་གཞན་ནོར་འགུགས་པཤ་ཆགས་པ___བློ་ལ་ཡོད་པའམ་བབ་ཐོབ་ཡོད་བ་དང་འཐུག་པའམ་བརླིང་བངག་འཁྱལ___འབྲེལ་མེད་དུ་སྨྲ་བཀྱལ་ག___ཀུ་རེའི་ཚིགབསྟང་བ___མགོན་ནམ་གྲོགསབསྟིངས་ཚིག___སུན་འབྱིན་པའི་ཚིག་སྟེ་མི་ངན་པ་ལ་མི་ཡ་མཚན་ཅན་ཅེས་བརྗོད་པ་ལྟ་བུདུས་པོ་ཆེ___འཛིན་པ་ཆེ་བསྟོངས་པ___ཕན་པའམ་གྲོགསདཀོར་དང་ཀ་ཅ___ནོར་གྱི་སྤྱིའི་མིང་དཀྱེལ་ཆེ་བ___ཁོང་ཡངས་པཆུ་གང___སྙིང་སྟོབསབཀྲབས་པ___མང་པོའི་ནང་ནས་འདམས་པབསྐྲུན་པ___བསྐྱེད་པའམ་བཙུགས་པསྐྲུས་པ___གཅོད་པསྒྲུན་པ___འགྲན་པབསྐྲུ་བ___གཞན་ལ་ཐབས་ཀྱིས་འབྲིད་པབསྐ་བ___གར་བའམ་རོའི་ཁྱད་པརསྐྱིན་གོར___གངས་སྦལ་ལམ་རྩངས་པམི་འགོང་བ___མི་སྐྲག་པདབོས་པ___སྦོས་པདངན་འཐེན___གཞན་གྱི་ནོར་ཁྱེར་བ་ཕྱིར་མི་གཏོད་པཟིལ་དངར___བདུད་རྩིབཅོམ་བསྐྱུངས___འཇིགས་ནས་སྐད་ཆུང་ངུར་སྨྲས་པའམ་ཁ་རོག་འདུག་པམན___ཚོད་དང་དུསའཇུངས་པ___ཞེན་ཆགས་ཆེ་བཉིང་ཤ___རང་གི་ཤཇུ་བོ___རྡོ་ལག་ཉ___བྱིན་ལེན་མ་བྱས་པར་ལེན་པཉེ་རེག___ཁྲུསམཆིག་དང་མཆིག་གུ___མས་གཏུན་དང་ཡས་གཏུནཤ་ཀོན་ཞུགས་པ___ཁོན་ཡོད་པམཉེལ་བ___ངལ་བཕྱག་བརྙན___འཁོར་གཡོགསྤྱོ་བ་དང་བརྒྱད་པ___འཐབ་པའམ་སྨད་པསྐྲ་བརྙན___སྐྲ་ཚབསྒྲ་བརྙན___བྲག་ཆགཏམས་པ___ཁེངས་པའམ་བཅོལ་བབལྟམས་པ___སྐྱེས་པའམ་འཁྲུངས་པརྟུལ་ཕོད___སྙིང་སྟོབས་ཆེ་བབརྟུལ___བསྡུས་པའམ་འཇམ་པདགུང___གནམམཚན་མོདགུང་ལོ་སོགསགདུགས___ཉི་མའམ་ཉིན་པརའཁྲུན___འཕང་ངམ་སྲིདཁོ་ལག___ཞེང་ངམ་སྦོམས་བདའ་བ___ཞིམ་པའདྲེན་མ___སྣ་ཚོགས་འདྲེས་མའམ་ཁྲ་བོབླ་བརྡོལ___བླ་ཅོལམནག་དཀའ་དང་མནོག་ཆུང___སྲན་དཀའ་དང་ཁེ་ཆུང་བའཕྲལ་བ___དཔྲལ་བཕྱང་ངེ་བ___འཇོལ་ལེ་བབྱུག་རིས___གྲལརྩེ་རྒོད___ལྷ་འབངསནང་བྱན___གཡོགམཚག་བཟང་བ___ཉམ་རྒྱས་པའམ་ཡན་ལག་ང་ཉིང་ལག་རྒྱས་པམཚལ་ལུ___རྟིང་དཀརའཚལ་མ___ས་སམ་ལྟོའཚལ___ཤེས་པའམ་ཆོག་པའམ་འདོད་པའཁུམས་པ___ཐོས་པའམ་ཤེས་པནུ་རྫི___ཉིང་ཁུཞེས་པ___སྡོད་པའམ་བཞུགས་པབསྐལ་བ___བར་ཆོད་པའམ་རྒྱང་རིང་བགཞིབ་པ___འཇིབ་པམ་རྟབས་པ___མི་རིངས་པརླམ་ཁྱེར___ཧམ་ཁྱེརབརྟགས་པ___གུས་པའམ་སྒྲིན་པགསུད་པ___སྒྲེགས་པགཤུང་བ___ངོས་ཀྱིས་སྐྱོན་བརྗོད་པའམ་ཤུབ་བུས་སྨོད་པསྐྱེལ་བདར___སྐྱེལ་གླདྲི་དཀུ་བ___དྲི་མི་ཞིམ་པའམ་དྲི་ཚ་བའགོང་བ___སྨད་པམངག་གཞུག་དང་ཅི་བགྱི___གཡོག་པོཤིན་ཏེ་མ་མེད་པ___སྙིགས་མ་མེད་པའམ་ཆུད་ཟ་བའམ་ཉམ་ཆུང་བ་མེད་པསག་རྩ་སྐྱེལ་བ___སྦུངས་སྐྱེད་པའམ་དམ་བཅའ་བརྟན་པསྐྱོ་མ___ཕྲ་མ་དང་ཕྱེ་བསྲིལ___སྲོག་ཆགས་མུག་པསྐྱུ་རུམ___ཚོད་མབྱ་ན___ཚོད་མའམ་སྤགས་མསྤུན་པ___བསྲེས་པསྤེན་ཏོག___རྒྱནསྤ་བ___མཛེས་པའམ་བྱིན་ཆགས་པསྤྱོམས་པ___ངོམ་པའམ་བདག་བསྟོདལ་གཅན་པ___ལའི་ཚུགས་པཤོ་གམ་པ___ཡུལ་གྱི་ཚུགས་པགྲུ་བཙས་པ___གྲུ་ཚུགས་པདོན་མཐུན___ཚོང་པའགྲོན་པོའང་དེ་ཉིདསྟ་ཟུར___དཔྱི་མགོསྤོན་པ___གཏོང་བསྤུན་པ___རྫུན་པརྗེ་བཙན___རྗེ་བཙུནདངགས___ངགབླ___རུང་ངམ་བཟོད་དམ་ཆོགཀླད___གོང་ངམ་སྟེང་དབྱིག___ནོརསོ་སྟོ___སོ་ཟིང་སྤྱི་ཅེར___སྤྱི་ཐེརབཟླུམས་པ___བསྡུས་པབརྗེད་པ་དང་རིམ་གྲོ་དང་བཙུན་པར་བྱ་བ___བཀུར་སྟི་དང་མཆོད་པའི་མིང་གི་རྣམ་གྲངསབཀུས་ཏེ་བོར་བ___ཁུ་བ་བཏོན་པའི་སྙིགས་ལྟ་བུཆབ་མི་འཚལ་བ___ཆུད་མི་ཟ་བཕྱིད___དར་ཡོལ་བའམ་རྒན་པོསླེ་འདམས་པ___མཚན་མ་ཆད་པམཚན་བར་རྡོལ་བ___མོ་མཚན་གྱི་ནདསྤྱི་བརྟོལ་ཆེ་བ___དཔྲལ་ཀོ་འཐུག་པདམུས་པ___ཚི་ཆད་པསྨེག་པ___ཉམས་དང་འཁོས་ཀ་ཁ་ཅིག་ཏུ་རྩ་བའམ་ལྷག་མསྨྲིག___གོས་ཚོས་མངུར་སྨྲིག___གོས་དམར་སེར་ལ་གྲགས་ཀྱང་ཚོས་སྙིགས་མས་བཙོས་པའི་དོན་ཡིནག་གོན་དང་ཚོན་མོ་སྟེང___ཞ་ཉེརོ་ཉེ___ཞ་ཉེ་ནག་པོར་ཡན་ལག་བརྒྱད་པའི་འགྲེལ་པ་ཟླ་ཟེར་ལས་བཤདསྤྲབས་པ___ཟསབཏོགས་པ___ཕྲོགས་པགོ་རེ་ལོང___གད་བྱེད་པསྨྲེ་ཞེས་པ___སྡུག་བསྔལཡན་ལག་སྐྱེས___ཕོ་མཚནརྨྱ་བ___ཉམས་པགཏམས་པ___བཤད་པའམ་བསྟན་པཁུད་དུ་བྱས་པ་མང་པོའི་ཡིན་པ་བདག་ཉིད་གཅིག་པུས་དབང་དུ་བྱས་པདགའ་འདུན___སྐྱེས་པའམ་བུད་མེད་རྐྱང་པ་དགའ་སྤྲོ་ལ་ཚོགས་པཚོགས་ཅན་མ___སྨད་འཚོང་མའི་ཚོགས་ལ་ཟེར་བའང་སྣང་མཉེས་པ___ལེགས་པའམ་གྲོས་མཐུན་པམི་བཀྱིག་པ___མི་བརྒྱང་བའམ་མྱུར་བསྤུ་བསྙལ་བ___ཉེས་པ་བཤགས་པའམ་ཞེ་སྡང་ཞི་བསྤུ་སྙོལ་བ___ལུས་ངག་ཡིད་ཀྱི་ཞེ་སྡང་ཞི་བར་བྱེད་པཆགས་རྒྱ___བུ་ལོན་བདའ་བའི་དཔང་རྒྱ་སྟེ་ཡི་གེ་བཅུག་པཁ་ཕྱིན་པ___གྲོས་མཐུན་པབྲུ་བ___ལྟོགས་པའམ་བཀྲེས་པསྨན་བཏགས་པ___ཕན་བཏགས་པརྣལ་དུ་ཕབ་སྟེ___གཞན་གྱི་འཚེ་བ་མེད་པར་རང་དབང་དུ་གནས་པབཟེ་རེ་ཅན___སྲན་ཆུང་བའམ་གཞོན་ཤ་ཅནཆུམས་པ___ཆགས་པའཚལ་མ་འཚལ___ཟན་ཟ་བབརྙན་པ___གཡར་བབླ་ན___སྨྲ་བའམ་ཟེརཁ་དུམ་པ___འཆམས་པའམ་མཐུན་པཆེ་བཞི___བདེན་དཔང་སྐུགས་སུ་བཙུགས་པ___རྒྱལ་བཙུགས་པསྤྱོས་པ___འཐབ་པའམ་ཁ་སྨྲསགཞོངས་སྤྱོད་པ___ལྗོངས་རྒྱུ་བཆུང་པ___ཞིང་པདུས་ཀྱིས་འཆུ་བ___དབང་གིས་འཆུ་བབཟང་མཁན___གོས་བཟོ་བསྤང་བ___མི་འཇིགས་པའགྲོང་གིས་འགྲོང་ལ་སྦྱར་བ___ཕོ་མཚན་གྱིས་ཕོ་མཚན་ལ་སྦྱར་བསྨྱུགས་པ___བཅུག་པདཀྲེ___ཕོ་མཚན་གྱི་ཏོགསྤོགས་འགྱིད་པ___ཚོང་ཁེ་བ་ན་རྒྱག་ཅིང་མཉམ་པ་དང་གྱོང་བྱུང་བ་ན་མི་རྒྱག་པ་དང་མོད་ཉོ་དཀོན་ཚོང་ལའང་ཀོག་རྩེ___རྒྱའམ་རྙི་རྙོང་ངོ་ཐོར་ཏོ___རྩེ་མོབཏུངས་པ___བསད་པསྐྲི་ཤིག___ཐོང་ཤིགབཤེས་གཉེན___ཡོན་ཏནདཔུང་ཚོགས་ཡན་ལག་བཞི་རྨོངས་བཏབ་བམནམ་སྲོས་ཀྱི་བར་དུ་བྲོངས་ཤིགཆུ་ལོན___རགསམ་རེག་ཙམ་དུ་དྲུང་དུ་བསྙེན་ཏེ___ཉེ་བགནས་ནས་སྤེད་པ___གནས་ནས་ཕྱུང་བཉེ་ཞོ་མེད་པ___ལེགས་པའམ་སྐྱོན་མེད་པའམ་བཀྲ་ཤིས་པ་ལ་སོགས་པ

རེག་ཟིག་ལས་དྲངས།

Dec 28, 2011

ཀླུ་ཀུན་ཏུ་དགའ་བའི་ཟློས་གར། ༢

ཀླུ་ཀུན་ཏུ་དགའ་བའི་ཟློས་གར་ཞེས་བྱ་བ་བཞུགས་སོ།། དཔལ་ལྡན་དགའ་བའི་ལྷ།
༼དེ་ལྟར་བྱས་སོ།།༽༼དེ་ནས་མ་ལ་ཡ་ཅན་མ་དང་། འབངས་མོ་ཞུགས་ཏེ་ས་ལ་འདུག་ནས་རྒྱུད་མངས་སྦྲེང་བར་བྱེད་དོ།།༽ འདྲེན་མས། ༼གླུ་ལེན་པ༽ གཽ་རཱི་རབ་རྒྱས་པདྨའི་གེ་སར་གྱི།། དངུལ་ལྟར་དཀར་བའི་འོད་ཅན་བཅོམ་ལྡན་མ།། ཁྱོད་ཀྱི་བཀའ་དྲིན་དག་གིས་བདག་གི་ནི།། མངོན་པར་འདོད་པ་རབ་ཏུ་གྲུབ་པར་མཛོད།། འདྲེན་པས། ༼རྣ་གཏད་ནས༽ ཨེ་མ་ཧོ་གླུ། ཨེ་མ་ཧོ་རོལ་མོ། འདི་ལ་གསལ་བྱེད་ཀྱི་དབྱངས་རྣམ་པ་བཅུ་བོ་འདིས་གསལ་བ་ཐོབ་ཅིང་། མྱུར་བ་དང་། བར་མ་དང་། དལ་བའི་སྟབས་རྣམ་པ་གསུམ་རབ་ཏུ་གསལ་བར་ཡོངས་སུ་བཅད་དེ། བ་ལང་གི་རྔ་མ་ལ་སོགས་པ་རྣམ་པ་གསུམ་གྱི་རིམ་པས་ངལ་གསོ་བར་བྱས་པ་དེ་ཁོ་ནའི་ཚོགས་ཀྱི་རྗེས་སུ་འབྲང་བའི་རོལ་མོའི་ཆོ་ག་ཡང་དག་པ་གསུམ་བསྟན་ཏོ།། འབངས་མོས། རྗེའི་སྲས་མོ་ངེས་པར་ཡུན་རིང་དུ་གླུ་དག་བླངས་ནས་ཁྱོད་ཀྱི་ལག་རྩེ་དག་ཡོངས་སུ་མི་ངལ་ལམ།འདྲེན་མས། གྲུང་མོ། བཅོམ་ལྡན་མོ(ལྷ་མོ)འི་མདུན་དུ་རྒྱུད་མངས་སྒྲོགས་པར་བྱེད་པ་ལ་བདག་ག་ལ་ངལ། འབངས་མོས། ༼སྨོད་པ་དང་བཅས་པར༽ རྗེའི་སྲས་མོ་ཀྱེ། བརྩེ་མེད་མ་འདིའི་མདུན་དུ་རྒྱུད་མངས་བསྒྲགས་པས་ཅི་ཞིག་བྱ་ཞེས་བདག་སྨྲའོ།། གང་ཞིག་འདི་སྙེད་ཀྱི་དུས་སུ་སྐྱེ་བོ་གཞོན་ནུ་མའི་དཀའ་ཐུབ་བསྙེན་ནས་ངེས་པ་ལ་གནས་པས་བསྟན་ཀྱང་ད་དུང་ཁྱོད་ལ་དང་བར་མི་སྟོན་ནོ།། བིདཱུཥཀས། ༼ཐོས་ནས༽ ཀྱེ་གྲོགས་པོ། འདི་ནི་ངེས་པར་གཞོན་ནུ་མ་སྟེ་ཅིའི་ཕྱིར་མི་ལྟ།འདྲེན་པས། སྐྱོན་ཅི་ཡོད། གཞོན་ནུ་མ་ལྟ་བ་ནི་སྐྱོན་མེད་པ་ཉིད་དོ།། འོན་ཀྱང་གལ་ཏེ་ན་བདག་ཅག་མཐོང་ནས་འཇིགས་ཏེ། ངོ་ཚ་བ་གཞོན་ནུ་མ་ལ་རྙེད་སླ་བས་འདིར་ཡུན་རིང་དུ་མི་སྡོད་པ་མི་སྲིད་དོ།། དེས་ན་རེ་ཞིག་འཁྲི་ཤིང་གི་དྲ་བ་འདིས་བསྒྲིབས་ཏེ་བལྟ་བར་བྱའོ།།༼གཉི་གས་བལྟས་ཏེ༽ བིདཱུཥཀས། ༼ཡ་མཚན་དང་བཅས་པར༽ ཀྱེ་གྲོགས་པོ། ལྟོས་ཤིག་ལྟོས་ཤིག ངོ་མཚར་རོ།། ངོ་མཚར་རོ།། རྒྱུད་མངས་ཀྱི་སྒྲས་རྣ་བའི་བདེ་བ་སྐྱེད་པར་བྱེད་པ་འབའ་ཞིག་ཏུ་མ་ཟད་དེ། རྣམ་པར་ཤེས་པའི་རྗེས་སུ་མཐུན་པའི་གཟུགས་འདིས་མིག་གི་ཡང་བདེ་བ་སྐྱེད་པར་བྱེད་དོ།། དེའི་ཕྱིར་འདི་ནི་སུ་ཞིག་ཡིན། ཅི་ལྷ་མོའམ། ཀླུའི་བུ་མོའམ། ཡང་ན་རིག་པ་འཛིན་པའི་བུ་མོའམ། ཡང་ན་གྲུབ་པའི་རིགས་ལས་འཁྲུངས་པ་ཞིག་གོ། འདྲེན་པས། ༼རྣམ་པར་ལྟ་ཞིང་ཆགས་པ་དང་བཅས་པར༽ གྲོགས་པོ། འདི་སུ་ཞིག་ཡིན་བདག་གིས་མ་རྟོགས་སོ།། བདག་གིས་འདི་ཙམ་ཤེས་ཏེ། གལ་ཏེ་མཐོ་རིས་བུ་མོ་ཡིན་ན་འཕྲོག་བྱེད་མིག་སྟོང་ལྡན་དེས་དོན་བྱས་འགྱུར།།གལ་ཏེ་ཀླུ་ཡི་བུ་མོ་ཡིན་ནའང་འདིའི་གདོང་ཡོད་ཚེ་ས་འོག་ཟླ་བས་སྟོང་བ་མིན།།གལ་ཏེ་རིག་འཛིན་མ་ཡིན་གཞན་རིགས་ལས་རྒྱལ་བདག་ཅག་རིགས་ནི་འབྲས་དང་བཅས།།གལ་ཏེ་གྲུབ་རིགས་ལས་སྐྱེས་དེ་ཕྱིར་གྲུབ་པ་འཇིག་རྟེན་གསུམ་དུ་གྲགས་པར་འགྱུར།། བིདཱུཥཀས། ༼འདྲེན་པ་ལ་བལྟས་ནས་དགའ་བ་དང་བཅས་ཤིང་རང་ཉིད་ཀྱིས་རྟོགས་པར༽ ཨེ་མའོ།། ཡུན་རིང་བོ་ཞིག་ནས་ཡིད་སྲུབས་ཀྱི་སྤྱོད་ཡུལ་དུ་ལྷུང་བར་གྱུར་ཏོ།། ༼བདག་ཉིད་ལ་སྟོན་ཅིང་།༽ ཡང་ན་མ་ཡིན་ཏེ། བྲམ་ཟེ་བདག་གིའོ།། འབངས་མོས། ༼མཛའ་བ་དང་བཅས་པར༽ཀྱེ། བརྩེ་མེད་མ་འདིའི་མདུན་དུ་རྒྱུད་མངས་བསྒྲགས་པས་ཅི་ཞིག་བྱ། ༼ཞེས་ཏེ་རྒྱུད་མངས་འཕངས་སོ།།༽ འདྲེན་མས། བུ་མོ། བཅོམ་ལྡན་མ་གཽ་རཱི་ལ་མ་སྨད་ཅིག ཀེ དིང་བཅོམ་ལྡན་མས་བཀའ་དྲིན་མཛད་པ་བཞིན་ནོ།། (དེ་རིང་བཅོམ་ལྡན་མས་བདག་ལ་མཆོག་བྱིན་ནོ།།) འབངས་མོས། རྗེས་སྲས་མོ། རེ་ཞིག་ཅི་འདྲ་བ་དག་སྨྲོས་ཤིགའདྲེན་མས། བུ་མོ། ངེས་པར་དེང་རྨི་ལམ་དུ་བདག་འདི་བཞིན་ཉིད་དུ་རྒྱུད་མངས་བསྒྲེང་བ་ལ་བཅོམ་ལྡན་མས་གསུངས་པ། བུ་མོ་ཁྱོད་ཀྱིས་རྒྱུད་མངས་བསྒྲེང་བ་མཁས་པ་ཁྱད་པར་དུ་འཕགས་པ་འདི་དང་། བདག་ལ་ཐུན་མོང་མ་ཡིན་པའི་གུས་པ་བུ་མོའི་དངོས་པོ་ལ་རྙེད་དཀའ་བ་འདིས་བདག་ཤིན་ཏུ་ཚིམ་པར་གྱུར་ཏོ།། དེའི་ཕྱིར་ཡུན་རིང་བོ་མ་ཡིན་པ་ན་རིག་པ་འཛིན་པའི་འཁོར་ལོས་སྒྱུར་བས་ལག་པ་འཛིན་པར་འགྱུར་རོ་ཞེས་སོ།། འབངས་མོས། ༼དགའ་བ་དང་བཅས་པར༽ རྗེས་སྲས་མོ། གལ་ཏེ་དེ་ལྟར་ཡིན་ན་རྨི་ལམ་དུ་ཞེས་ཅིའི་ཕྱིར་བརྗོད། ལྷ་མོས་སྙིང་ལ་འདོད་པའི་མཆོག་བྱིན་པ་ཉིད་ཡིན་ནོ།།བིདཱུཥཀས། ངེས་པར་བདག་ཅག་ལྷ་མོ་ལྟ་བའི་སྐབས་སུ་བབ་པོ།། དེའི་ཕྱིར་ཚུར་ཤེག ཉེ་བར་འགྲོ་བར་བྱའོ་ཞེས་ཏེ་ཉེ་བར་བཏུད་དོ།།འདྲེན་པས། ( རེ་ཞིག་བདག་ཞུགས་པར་མི་བྱའོ།།) བིདཱུཥཀས། ༼མི་འདོད་བཞིན་དུའང་འདྲེན་པ་ཤུགས་ཀྱིས་ཁྱེར་(འཁྲིད་)ནས་དྲུང་དུ་སླེབས་པར་བྱས༽ ཇོ་མོ་གྲུང་མོ། བདག་བདེན་པར་སྨྲ་སྟེ། འདི་ནི་མཆོག་བྱིན་པ་ཉིད་དོ།།འདྲེན་མས། ༼འཇིགས་པ་དང་བཅས་ཏེ་འདྲེན་པ་མཚོན་ཏེ༽ བུ་མོ། འདི་སུ་ཞིག་ཅེས་སོ།།འབངས་མོས། གཞན་དང་ཐུན་མོང་མ་ཡིན་པའི་རྣམ་པ་འདིས་ན། འདི་ཉིད་བཅོམ་ལྡན་མས་བཀའ་དྲིན་མཛད་པ་ཡིན་སྙམ་མོ།།འདྲེན་མས། ༼ཆགས་པ་དང་བཅས་ཤིང་ངོ་ཚ་བ་དང་བཅས་པར་བལྟས་སོ།།༽ འདྲེན་པས། གཡོ་ཞིང་ཡངས་པའི་མིག་ལྡན་དབུགས་འབྱིན་ཅིང་།། འདར་ཞིང་མཁྲེགས་སྟུག་ནུ་ལྡན་འཁྲུལ་བྱེད་མ།། ལུས་འདི་དཀའ་ཐུབ་ཉིད་ཀྱིས་ཤིན་ཏུ་ནི།། ངལ་གྱུར་སླར་ཡང་ཅི་སླད་གདུང་བར་བྱེད།། འདྲེན་མས། བུ་མོ། ཤིན་ཏུ་འཇིགས་པས་འདི་ལ་མངོན་དུ་ཕྱོགས་ཏེ་འདུག་པར་མི་ནུས་སོ།། ༼ཞེས་ཏེ་ལོགས་ལ་བལྟས་ནས་འཁོད་དོ།།༽ བིདཱུཥཀས། ཇོ་མོ། ཁྱོད་ཀྱི་དཀའ་ཐུབ་ཀྱི་ནགས་ཚལ་འདི་ན་གང་ཞིག་འགྲོན་པོ་འོངས་པ་ལ་ཚིག་ཙམ་གྱིས་ཀྱང་ཕེབས་པར་སྨྲ་བ་མ་ཡིན་པ་འདི་འདྲ་བའི་ཀུན་ཏུ་སྤྱོད་པ་ཡོད་དམ་ཅི།འབངས་མོས། རྗེའི་སྲས་མོ། འགྲོན་པོ་ལ་བསྙེན་བཀུར་བྱ་བ་རིགས་པ་ཡིན་ནོ།། དེའི་ཕྱིར་ཇི་ལྟར་མཐུ་ཆེན་པོ་དང་ལྡན་པ་འདི་དག་ལ་གུས་པར་བྱ་བ་རྨོངས་པར་གནས། ཡང་ན་ཁྱོད་བཞུགས་ཤིག ཁོ་མོ་ཉིད་ཀྱི་ཇི་ལྟར་རིགས་པ་དག་བྱའོ།། ༼འདྲེན་པ་ལ་མཚོན་ཏེ༽ ཇོ་བོ། ལེགས་པར་འོངས་སམ། ཇོ་བོ། སྟན་ཡོངས་སུ་བཟུང་བས་ཕྱོགས་འདི་བརྒྱན་པར་མཛོད་ཅིག བིདཱུཥཀས། ཀྱེ་གྲོགས་པོ། འདི་ནི་ལེགས་པར་སྨྲའོ།། ཡུད་ཙམ་ཞིག་འདུག་སྟེ་ངལ་གསོ་བར་བྱའོ།། འདྲེན་པས། ཁྱོད་ནི་རིགས་པར་སྨྲའོ།། ༼གཉི་ག་འཁོད་དོ༽འདྲེན་མས། ཀྭ་ཡེ། བཞད་གད་ཀྱི་ངང་ཚུལ་ཅན་མ། དེ་ལྟར་མ་བྱེད། གལ་ཏེ་དཀའ་ཐུབ་པ་འགའ་ཞིག་གིས་མཐོང་ན་འདི་ལས་བདག་དུལ་བ་མ་ཡིན་པ་དང་ལྡན་པར་དོགས་པར་འགྱུར་རོ།།༼དེ་ནས་དཀའ་ཐུབ་པ་ཞུགས་ཏེ༽ (དཀའ་ཐུབ་པས།) རིགས་ཀྱི་བདག་པོ་ཀཽ་ཤི་ཀས་བདག་ལ་བཀའ་བསྒོས་པ། མཉེས་གཤིན་ཤཱཎྜི་ལྱ། ཡབ་ཀྱི་བཀས། རྒྱལ་ཚབ་བཤེས་གཉེན་གྱི་དབྱིག་གཞོན་ནུ་སྤྲིན་གྱི་བཞོན་པ་རིག་པ་འཛིན་པའི་འཁོར་ལོས་སྒྱུར་བར་འགྱུར་བ་དག་རི་མ་ལ་ཡ་འདི་ཉིད་ཀྱི་ཕྱོགས་འགའ་ཞིག་ན་གནས་པ་སྲིང་མོ་མ་ལ་ཡ་ཅན་གྱི་ཁྱིམ་ཐབས་ཀྱི་སླད་དུ་བལྟ་བའི་ཕྱིར་དེ་རིང་འོངས་ཏེ། གལ་ཏེ་དེ་བལྟ་(སྒུག་ཅིང)ཞིང་མ་ལ་ཡ་ཅན་གྱི་ཉི་མ་གུང་གི་མཆོད་སྦྱིན་གྱི་དུས་ཡོལ་བར་འགྱུར་སྲིད་དོ།། དེས་ན་དེ་བོས་ལ་ཤོག་ཤིག་ཅེས་སོ།། དེས་ན་བདག་རེ་ཞིག་གཽ་རཱི་ཁང་བ་ཉིད་དུ་འགྲོའོ།། ༼འགྲོ་ཞིང་ས་ལ་རྣམ་པར་བལྟས་ནས༽ཨ་ཡེ། རྡུལ་དང་ལྡན་པའི་ཕྱོགས་ན་རབ་ཏུ་གསལ་བའི་འཁོར་ལོས་མཚན་པའི་རྗེས་ཀྱི་ཕྲེང་བ་དག་སྣང་བ་འདི་སུ་ཞིག་གི་ཡིན། ༼མདུན་དུ་བལྟས་ཏེ་སྤྲིན་གྱི་བཞོན་པ་ལ་ངེས་པར་བརྟགས་ནས་༽འདི་ནི་སྐྱེས་བུ་ཆེན་པོ་འདི་ཡིན་ནམ་སྙམ་མོ།། གཞན་ཡང་།མགོ་ལ་གཙུག་ཏོར་འདི་གསལ་སྨིན་མའི་བར་ན་མཛོད་སྤུ་འདི་ནི་རྣམ་པར་མཛེས།།མིག་ནི་པདྨའི་རྗེས་སུ་མཐུན་ཞིང་བྲང་གདེངས་འཕྲོག་བྱེད་དག་ལ་འགྲན་པར་བྱེད།།ལག་པ་འཁོར་ལོས་མཚན་པ་ཇི་ལྟར་དེ་ལྟར་སྐྱེས་བུ་དག་ནི་སུ་ཞིག་འདི།།རིག་པ་འཛིན་པའི་འཁོར་ལོས་སྒྱུར་བའི་གནས་དག་མ་ཐོབ་འདུག་པ་ཡིན་ནམ་སྙམ།།ཡང་ན་ཐེ་ཚོམ་གྱིས་ཇི་ཞིག་བྱ་སྟེ། ༼ ཤིན་ཏུ་གསལ་བར༽ འདི་ནི་སྤྲིན་གྱི་བཞོན་པ་ཡིན་པར་ངེས་སོ།།༼མ་ཡ་ལ་ཅན་མ་ལ་བལྟས་ནས་༽ ཨ་ཡེ། འདི་ཡང་རྒྱལ་བོའི་བུ་མོའོ།། ༼གཉིས་ཀ་ལ་བལྟས་ནས ༽ གལ་ཏེ་ཕན་ཚུན་རྗེས་སུ་འཚམ་པ་འདི་དག་འབྲེལ་བར་བྱེད་ན་བྱེད་པ་པོ་ནི་ཡུན་རིང་བོ་ཞིག་ན་རིག་པར་བྱེད་པར་གྱུར་ཏོ།། (འདྲེན་པ་ལ)ཉེ་བར་བཏུད་ནས་༽ཁྱོད་ནི་དགེ་བར་གྱུར་ཅིག འདྲེན་པས། བཅོམ་ལྡན་སྤྲིན་གྱི་བཞོན་པ་ཕྱག་བགྱིད་དོ།།༼ཞེས་ཏེ་ལྡང་བར་འདོད་དོ།།༽ དཀའ་ཐུབ་པས། མངོན་དུ་ལྡང་(ཡར་ལངས་མི་དགོས་ཞེས་པའི་དོན་ནོ་)མི་དགོས་སོ།། ཀྱེ། "མངོན་འོངས་ཀུན་གྱི་བླ་མ་ཉིད་"ཅེས་པས། ཁྱོད་ཉིད་བདག་ཅག་གི་བླ་མ་ཡིན་ནོ།། དེས་ན་ཇི་ལྟར་བདེ་བར་བཞུགས་ཤིགམ་ཡ་ལ་ཅན་མས། ཇོ་བོ་ལ་ཕྱག་འཚལ་ལོ།། དཀའ་ཐུབ་པས། ༼དེ་མཐོང་ནས༽ རྗེས་སུ་འཚམ་པའི་བདག་པོའི་སྐལ་བ་དང་ལྡན་པར་གྱུར་ཅིག རྒྱལ་བོའི་བུ་མོ། ཁྱོད་ལ་རིགས་ཀྱི་བདག་པོ་ཀཽ་ཤི་ཀས་བཀའ་སྩལ་པ། ཁྱོད་ཀྱི་མཆོད་སྦྱིན་གྱི་དུས་ཡོལ་བར་འགྱུར་གྱིས་མྱུར་དུ་ཤོག་ཅིག་ཅེས་སོ།།འདྲེན་མས། ༼མི་དགའ་བ་དང་བཅས་པར༽ གང་བླ་མས་བཀའ་སྩལ་པ་ཉིད་དོ།། ༼རང་གིས་རྟོགས་པར༽ གཅིག་ནི་བླ་མའི་གསུང་དང་གཞན།། མཛའ་བོ་བལྟ་བའི་རྩེ་དགའ་བཟང་།། འགྲོའམ་མི་འགྲོ་འགལ་བ་ལ།། བདག་སྙིང་འཕྱང་མོ་ཡུག་པར་འགྱུར།།༼ཤུགས་ཕྱུང་ཞིང་ལངས་ཏེ་ངོ་ཚ་བ་དང་བཅས་ཤིང་ཆགས་པ་དང་བཅས་པར་འདྲེན་པ་ལ་ལྟ་ཞིང་དཀའ་ཐུབ་པ་དང་ལྷན་ཅིག་སོང་བར་གྱུར་ཏོ།།༽ འདྲེན་པས། ༼སྲེད་པ་དང་བཅས་པར་ཤུགས་ཕྱུང་ནས་འདྲེན་མ་ལ་ལྟ་ཞིང་༽ ཚང་རའི་ཁྱོན་གྱི་ཁུར་ལྡན་ཞིང་།། དམན་པ་དག་ཏུ་འགྲོ་མ་འདི།། གཞན་དུ་འགྲོ་ཡང་བདག་གི་ནི།།སྙིང་ལ་གོམ་པ་བཀོད་པར་གྱུར།། འབངས་མོས། ཚུར་ཤེག ཚུར་ཤེག རྗེའི་སྲས་མོ་༼ཞེས་ཏེ་མ་ལ་ཡ་ཅན་མ་འཁོར་དང་བཅས་པ་སོང་བར་གྱུར་ཏོ།།༽བིདཱུཥཀས། ཀྱེ། གང་ཞིག་བལྟ་བར་བྱ་བ་དག་མཐོང་ངོ་།། ད་ནི་ཉི་མ་གུང་གི་ཉི་མའི་གདུང་བ་ཉིས་འགྱུར་དུ་བྱས་པ་བཞིན་དུ་བདག་གི་ལྟོ་བའི་མེ་དག་ལྷབ་ལྷབ་བྱེད་དོ།། དེའི་ཕྱིར་འདི་ནས་སོང་སྟེ། གང་གིས་བྲམ་ཟེ་དག་གི་མགྲོན་དུ་འགྱུར་བར་བྱས་ནས་ཐུབ་པའི་སྐྱེ་བོ་ལས་དངོས་སུ་རྙེད་པའི་རྩ་བ་དང་ཆུ་བ་ལ་སོགས་པས་སྲོག་གཟུང་བར་བྱའོ།། འདྲེན་པས། ༼སྟེང་དུ་བལྟས་ནས༽ཨ་ཡེ། བཅོམ་ལྡན་འོད་ཟེར་སྟོང་ཕྲག་ལྡན་ནི་ནམ་མཁའི་དཀྱིལ་ན་འཛེགས་ཏེ་བཞུགས་སོ། །དེ་ལྟར་ཡང་། གདུང་བས་དེ་དུས་ཙན་དན་ལ་བདར་ཐང་ཆུས་དཀར་བའི་འགྲམ་པ་འཛིན་བྱེད་ཅིང་།།རང་གི་རྣ་བ་བསྐྱོད་པའི་རླུང་ནི་ཡང་དག་ཆགས་པས་བཞིན་ལ་གཡོབ་བྱེད་ཅིང་།།ལག་པས་གཏོར་བའི་ཆུ་ཐིགས་སྙིང་ཁར་ཁྱད་པར་དུ་འདྲེན་གླང་བོའི་བདག་པོ་འདི།།ད་ནི་བཟོད་དཀའ་ཟུག་རྔུ་དྲག་པོས་ཟུག་པ་ལྟ་བུའི་གནས་སྐབས་འཛིན་པར་བྱེད།། ༼ཅེས་ཏེ་གཉི་ག་སོང་བར་གྱུར་ཏོ།།༽ མཚན་མ་དང་བོ་རྫོགས་སོ།། མཆན། གུག་རྟགས་ནང་ན་ཡོད་པ་དག་ནི་བདག་གིས་རྒྱ་གཞུང་དང་གཏུགས་ཏེ་བསྣན་པ་དང་འགྲེལ་བ། བཅོས་པ་རྣམས་ཡིན་པས་ཐུགས་འཇགས་འཚལ། ཟླ་བ་གཞོན་ནུས།