-->

Dec 28, 2012

སྙན་ངག་རྒྱན་གྱི་ཚིགས་བཅད་འགའི་བོད་འགྱུར་ཡོད་དོ།།




<<काव्यालङ्कार>>
<<སྙན་ངག་རྒྱན།>>
    
མཛད་པ་པོ།  རུ་དྲ་ཊ  (रुद्रट)
ཟླ་བ་གཞོན་ནུས་ལེགས་སྦྱར་ལས་བསྒྱུར།


སྙན་དངགས་ལེགས་པ་ངེས་སྦྱོར་བས།།  ཕུན་ཚོགས་སྡེ་བཞིར་མཁས་བྱེད་ཅིང་།།
སྒྱུ་རྩལ་ལ་ཡང་དགའ་བ་དང་།།   གྲགས་པའང་རབ་ཏུ་སྦྱིན་པར་བྱེད།།༢

འདུལ་བ་མེད་པའི་དཔལ་དང་ནི།།  ཟླ་བ་མེད་པའི་མཚན་མོ་བཞིན།།
དམ་པའི་སྙན་དངགས་མཁན་མེད་པའི།།  ངག་གི་བཀོད་པ་ཇི་ལྟར་འགྱུར།། ༤

བླ་མའི་མན་ངག་ལ་བརྟེན་ནས།།  བསྟན་བཅོས་བློ་དམན་རྣམས་ཀྱང་སློབ།།
སྙན་དངགས་གཏན་དུ་འགའ་ཞིག་སྟེ།། ལྷན་སྐྱེས་སྤོབས་པ་མངའ་ལ་འབྱོར།། ༥


རྒྱས་པ་མ་ཡིན་འཁྱོག་བརྗོད་མིན།།  རབ་དྭངས་སླ་བ་གཞོན་དང་ལྡན།།
ཐ་དད་འདི་ནི་རོལ་དབྱངས་ལྟར།།  ཉན་པ་ཁོ་ནར་སྙན་པ་ཡིན།། ༣༤

རྒྱན་དང་ལྡན་ཞིང་གྲོང་ཚིག་མིན།།  དོན་དང་ལྡན་ཞིང་རིག་པར་མཐུན།།
དཀའ་མིན་གོོ་ཌ་བ་ཡང་མཆོག།   གཞན་དུ་བེེ་ད་རྦྷ་ཡང་མིན།། ༣༥

ཤིན་ཏུ་ལ་སོགས་ཚད་ཀྱིས་ནི།།  ངག་གི་མཛེས་པ་བསྐྱེད་མ་ཡིན།།
སྒྲ་དང་དོན་གྱི་འཁྱོག་ཉིད་དུ།།  ངག་གི་རྒྱན་ནི་གནས་པར་འདོད།། ༣༦

དྲི་ཞིམ་མེ་ཏོག་འདི་ནི་གཟུང་བྱ་གྲོང་གི་འདི་ནི་སྤང་བར་བྱ།།
འདི་ཡི་འཚམས་པའི་གནས་ནི་འདི་ཞེས་དེ་ཡི་མཛེས་པ་འཛིན་བྱེད་པ།།
ཇི་ལྟར་མེ་ཏོག་ཕྲེང་རྒྱུད་ཀྱིས་ནི་ལེགས་པར་རྟོགས་ནས་ཕྲེང་བ་རྒྱུ།།
དེ་ལྟར་སྙན་ངག་སྦྱོར་བ་ཉིད་དུ་མངོན་བརྗོད་ལ་ནི་ནན་ཏན་བྱ།། ༥༩


སྐད་དོད།

रुद्रट: Rudrata
काव्यालङ्कार  : Kāvyālaṅkāra

མཆན་བུ།
སྤྱིར་ལེགས་སྦྱར་དུ་<<སྙན་ངག་རྒྱན>>་དུ་འབོད་པའི་སྙན་ངག་གི་གཞུང་གཉིས་ཡོད་པ་སྟེ། སྔ་མ་ནི་སློབ་དཔོན་དབྱུག་པ་ཅན་གྱི་སྔོན་ནམ་ཡང་ན་དུས་མཉམ་པའི་སློབ་དཔོན་གྲགས་ཅན་བྷཱ་མ་ཧས་མཛད་པའི་<<སྙན་ངག་རྒྱན>>་དང་། ཕྱི་མ་ནི་དུས་རབས་དགུ་བར་འཁྲུངས་པའི་ཁ་ཆེའི་སྙན་ངག་པ་གྲགས་ཅན་རུ་དྲ་ཊ་ཞེས་པས་མཛད་པ་དེ་ཡིན་ལ། འདིར་བསྒྱུར་ཡོད་པའང་ཕྱི་མའི་སྙན་ངག་གི་གཞུང་ལས་ཕྱུང་སྟེ་བསྒྱུར་བའོ།།


 ༡༢།༡༡།༡༥ལ།

Dec 19, 2012

སྙིང་གི་ཟུག་རྔུ།




ཟླ་བ་གཞོན་ནུ། 



ཀྱེ་མ། འཇིག་རྟེན་ལགས། ངས་ཁྱེད་ཀྱི་མེ་ཏོག་བཏོགས་པ་ཡིན།

ངས་དེ་བདག་གི་སྙིང་ཁར་སྦྱར་བ་དང་ཚེར་མ་ཟུག་བྱུང་།
ཉི་མ་ནུབ་ཅིང་སྲོད་རུབ་དུས། ངས་མེ་ཏོག་རྙེད་ཟིན་པ་ཤེས་བྱུང་ལ།
ན་ཟུག་ད་དུང་ལྷག་ཡོད་པའང་རྟོགས་བྱུང་།


ཀྱེ་མ། འཇིག་རྟེན་ལགས། མེ་ཏོག་དེ་ལས་མང་བ་ཞིག

ཁྱེད་ཕྱོགས་ལ་དྲི་བསུང་དང་ལྷན་དུ་སྤོབས་པ་དང་བཅས་ཏེ་ཐོན་འོང་ངེས་ནའང་།

ངའི་མེ་ཏོག་སྒྲུག་པའི་དུས་ཚོད་ནི་ཡོལ་ཟིན་འདུག

མུན་ནག་གི་མཚན་རིང་བརྒྱུད་ནས་བདག་གི་རྒྱ་སེ་མེ་ཏོག་མེད་པར་གྱུར་མོད་ཀྱང་།

དེའི་ན་ཟུག་གི་ཚོར་བ་ད་དུང་ལྷག་ནས་འདུག



བསྒྱུར།

Nov 22, 2012

ཡབ་མེས་ཀྱི་ས་གཞི།

 
 


རྩོམ་པ་པོ། ཇོ་བོ་ཉི་དབང་མགོན་པོ།
སྒྱུར་བ་བོ། ཟླ་བ་གཞོན་ནུ།

འཛད་མཐའ་མེད་པའི་ལོངས་སྤྱོད་ནི་ཁྱེད་ཀྱི་མ་ཡིན། བདག་གི་མུན་འཐིབས་པའི་མ་ཡུམ་ས་གཞི་བཟོད་སེམས་ཅན་ལགས།
ཁྱེད་ཀྱིས་རང་ཉིད་ཀྱི་བྱིས་པ་རྣམས་ཀྱི་གྲོད་ཁོག་དགང་ཆེད་སྐུ་ངལ་བསྐྱོན་ནའང་། བཟའ་ཆས་ནི་ཧ་ཅང་རྙེད་དཀའ་བར་འདུག
ཁྱེད་ཀྱིས་བདག་ཅག་ལ་གནང་བའི་སྤྲོ་དགའི་ལེགས་སྐྱེས་ནི་ནམ་ཡིན་ཡང་ཆ་ཚང་བ་ཞིག་མ་རེད།
ཁྱེད་ཀྱིས་ཁྱེད་ཀྱི་བྱིས་པ་ཚོར་བཟོས་པའི་རྩེད་ཆས་ཚང་མ་ཆག་ཆོག་ཆོག་ཅིག་ཏུ་འདུག
ཁྱེད་ཀྱིས་རྣམ་པ་ཐམས་ཅད་དང་རེ་བ་མཐའ་དག་གི་ལྟོགས་པ་སེལ་བར་བྱེད་མི་ནུས་ནའང་།
ཅི་འདི་ཙམ་གྱིས་བདག་གིས་ཁྱེད་རང་བསྐྱུར་བར་བྱ་འོས་སམ?

ན་ཟུག་གི་གྲིབ་མ་དང་བཅས་པའི་ཁྱེད་ཀྱི་འཛུམ་མདངས་ནི་ངའི་མིག་ཟུང་ལ་ཞིམ་མངར་ལྡན།
འདོད་པ་ཚིམས་རྒྱུ་མེད་པའི་ཁྱེད་ཀྱི་བརྩེ་བ་ནི་བདག་གི་སེམས་པར་ཧ་ཅང་སྙིང་ཉེ་བྱུང་།

ཁྱེད་ཀྱིས་ནུ་ཞོ་བླུད་དེ་བདག་ཅག་ལ་ཚེ་སྲོག་བསྟབས་ནའང་བདག་ཅག་ལ་འཆི་མེད་ཀྱི་གོ་འཕང་ཐོབ་ཏུ་འཇུག་མ་ཐུབ་པས་ཁྱེད་རང་ནམ་ཡང་གཉིད་མེད་དུ་ཡོད་པ་རེད།
ལོ་གང་མང་ཞིག་གི་རིང་ལ་ཁྱེད་ཀྱིས་ཁ་དོག་དང་གླུ་གཞས་ཀྱིས་ལས་ནའང་། དེའི་ཡིད་སྐྱོ་བའི་བསམ་འཆར་ཁོ་ན་ཙམ་མ་གཏོགས། ཁྱེད་ཀྱི་དག་ཞིང་ད་དུང་བཞེངས་ཐུབ་མ་སོང་།

ཁྱེད་ཀྱི་མཛེས་སྡུག་གི་བཀོད་པ་ཡོད་ཚད་ནི་མིག་ཆུའི་སྨུག་པས་བཀླུབས་ནས་འདུག
བདག་གིས་བདག་གི་གླུ་གཞས་དག་ཁྱེད་ཀྱི་ལྷིང་འཇགས་ཀྱི་སེམས་པར་བླུག་རྒྱུ་ཡིན།
བདག་གི་བརྩེ་བ་ཁྱེད་ཀྱི་བརྩེ་བར་བླུག་རྒྱུ་ཡིན།
བདག་གིས་ངལ་རྩོལ་ལ་བརྟེན་ནས་ཁྱེད་ལ་མཆོད་པ་བྱེད་རྒྱུ་ཡིན།
བདག་གིས་ཁྱེད་ཀྱི་མཛའ་བརྩེ་ལྡན་པའི་ཞལ་རས་མཐོང་མྱོང་ལ།
བདག་ཁྱེད་ཀྱི་མྱ་ངན་གྱིས་ཁེངས་པའི་ཐལ་རྡུལ་ལ་དགའ། མ་ཡུམ་འཛིན་མ་ལགས།

Nov 12, 2012

བྱང་ཆུབ་ཀྱི་མདོ་བཞུགས་སོ།།




ཆེད་དུ་བརྗོད་པའི་ཚོམས་ཀྱི་སྡེ།

བྱང་ཆུབ་ཀྱི་སྡེ།




 පඨමබොධිසුත්‌තං


එවං මෙ සුතං – එකං සමයං භගවා උරුවෙලායං විහරති නජ්‌ජා නෙරඤ්‌ජරාය තීරෙ බොධිරුක්‌ඛමූලෙ පඨමාභිසම්‌බුද්‌ධොතෙන ඛොපන සමයෙන භගවා සත්‌තාහං එකපල්‌ලඞ්‌කෙන නිසින්‌නො හොති විමුත්‌තිසුඛපටිසංවෙදීඅථඛො භගවා තස්‌ස සත්‌තාහස්‌ස අච්‌චයෙන තම්‌හා සමාධිම්‌හා වුට්‌ඨහිත්‌වා රත්‌තියා පඨමං යාමං පටිච්‌චසමුප්‌පාදං අනුලොමං සාධුකංමනසාකාසි 
‘‘ඉති ඉමස්‌මිං සති ඉදං හොතිඉමස්‌සුප්‌පාදා ඉදං උප්‌පජ්‌ජතියදිදං – අවිජ්‌ජාපච්‌චයා සඞ්‌ඛාරාසඞ්‌ඛාරපච්‌චයා විඤ්‌ඤාණංවිඤ්‌ඤාණපච්‌චයා නාමරූපංනාමරූපපච්‌චයා සළායතනංසළායතනපච්‌චයා ඵස්‌සොඵස්‌සපච්‌චයා වෙදනාවෙදනාපච්‌චයා තණ්‌හාතණ්‌හාපච්‌චයා උපාදානංඋපාදානපච්‌චයා භවොභවපච්‌චයා ජාතිජාතිපච්‌චයා ජරාමරණං සොකපරිදෙවදුක්‌ඛදොමනස්‌සුපායාසාසම්‌භවන්‌තිඑවමෙතස්‌ස කෙවලස්‌ස දුක්‌ඛක්‌ඛන්‌ධස්‌ස සමුදයො හොතී’’ති.
අථ ඛො භගවා එතමත්‌ථං විදිත්‌වා තායං වෙලායං ඉමං උදානං උදානෙසි 
‘‘යදා හවෙ පාතුභවන්‌ති ධම්‌මා,
ආතාපිනො ඣායතො බ්‍රාහ්‌මණස්‌ස
අථස්‌ස කඞ්‌ඛා වපයන්‌ති සබ්‌බා,
යතො පජානාති සහෙතුධම්‌ම’’න්‌තිපඨමං;

 

 

ཆེད་དུ་བརྗོད་པའི་ཚོམས་ཀྱི་སྡེ།

བྱང་ཆུབ་ཀྱི་སྡེ།

 བྱང་ཆུབ་ཀྱི་མདོ་དང་པོ།

སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།།

རྒྱ་གར་སྐད་དུ། པཋམབོདྷིསུཏྟ།

བོད་སྐད་དུ། བྱང་ཆུབ་ཀྱི་མདོ་དང་པོ


འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ལྟེང་རྒྱས་ན། ཆུ་ཀླུང་ནེ་ར་ཉྫ་ནའི་འགྲམ་གྱི་བྱང་ཆུབ་ཤིང་གི་དྲུང་་བཞུགས་ཏེ་དེ་མ་ཐག་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ།། ཡང་དེའི་ཚེ་བཅོམ་ལྡན་འདས་གདན་གཅིག་ཉིད་ཀྱིས་བདུན་གཅིག་གི་བར་དུ་བཞུགས་པར་གྱུར་ཏེ་རྣམ་པར་གྲོལ་བའི་བདེ་བ་སོ་སོར་ཡང་དག་པར་རིག་གོ། དེ་ནས་བཅོམ་ལྡན་འདས་བདུན་གཅིག་པོ་དེ་རྫོགས་པ་དང་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ་མཚན་གྱི་ཐུན་དང་པོ་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་ལུགས་སུ་འབྱུང་བར་ལེགས་པར་ཐུགས་ལ་བསྒོམས་སོ།།

འདི་བྱུང་བས་འདི་འབྱུང་ངོ་།། འདི་སྐྱེས་པ་ལས་འདི་སྐྱེའོ།། འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་འབྱུང་བའོ།། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་འབྱུང་བའོ།། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་གཟུགས་འབྱུང་བའོ།། མིང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་འབྱུང་བའོ།། སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ་འབྱུང་བའོ།། རེག་པའི་རྐྱེན་གྱིས་ཚོར་བ་འབྱུང་བའོ།། ཚོར་བའི་རྐྱེན་གྱིས་སྲེད་པ་འབྱུང་བའོ།། སྲེད་པའི་རྐྱེན་གྱིས་ཉེ་བར་ལེན་པ་འབྱུང་བའོ།། ཉེ་བར་ལེན་པའི་རྐྱེན་གྱིས་སྲིད་པ་འབྱུང་བའོ།། སྲིད་པའི་རྐྱེན་གྱིས་སྐྱེ་བ་འབྱུང་བའོ།། སྐྱེ་བའི་རྐྱེན་གྱིས་རྒ་ཤི་འབྱུང་བའོ།། མྱ་ངན་དང་སྡུག་བསྡུལ་བ་དང་ཡིད་མི་བདེ་བ་ཀུན་ཏུ་འབྱུང་བའོ།། འདི་ལྟར་འདི་ཡིས་སྡུག་བསྔལ་གྱི་ཕུང་པོ་འགའ་ཞིག་ཀུན་ཏུ་འབྱུང་བར་འགྱུར་རོ་ཞེས་སོ།།

དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ལྟར་མཁྱེན་ནས་ཞལ་དེ་ཉིད་ལས་ཆེད་དུ་བརྗོད་པའི་ཚོམས་འདི་ཆེད་དུ་བརྗོད་དོ།། 
གང་ཚེ་བྲམ་ཟེ་བརྩོན་པས་སེམས་པ་ན། །གང་གིས་ཆོས་རྣམས་རྒྱུར་བཅས་རབ་ཤེས་པ། །

ཆོས་འདི་རྣམས་ལས་རབ་ཏུ་འབྱུང་འགྱུར་ཏེ། །དེ་ཚེ་དེ་ཡི་སོམ་ཉི་མ་ལུས་སྤོང་། །ཞེས་ཏེ་དང་པོའོ།།


 

 දුතියබොධිසුත්‌තං


එවං මෙ සුතං – එක සමයං භගවා උරුවෙලායං විහරති නජ්‌ජා නෙරඤ්‌ජරාය තීරෙ බොධිරුක්‌ඛමූලෙ පඨමාභිසම්‌බුද්‌ධොතෙන ඛොපන සමයෙන භගවා සත්‌තාහං එකපල්‌ලඞ්‌කෙන නිසින්‌නො හොති විමුත්‌තිසුඛපටිසංවෙදීඅථ ඛො භගවා තස්‌ස සත්‌තාහස්‌ස අච්‌චයෙනතම්‌හා සමාධිම්‌හා වුට්‌ඨහිත්‌වා රත්‌තියා මජ්‌ඣිමං යාමං පටිච්‌චසමුප්‌පාදං පටිලොමං සාධුකං මනසාකාසි 
‘‘ඉති ඉමස්‌මිං අසති ඉදං  හොතිඉමස්‌ස නිරොධා ඉදං නිරුජ්‌ඣතියදිදං – අවිජ්‌ජානිරොධා සඞ්‌ඛාරනිරොධොසඞ්‌ඛාරනිරොධාවිඤ්‌ඤාණනිරොධොවිඤ්‌ඤාණනිරොධා නාමරූපනිරොධොනාමරූපනිරොධා සළායතනනිරොධොසළායතනනිරොධා ඵස්‌සනිරොධොඵස්‌සනිරොධා වෙදනානිරොධොවෙදනානිරොධා තණ්‌හානිරොධොතණ්‌හානිරොධා උපාදානනිරොධොඋපාදානනිරොධා භවනිරොධොභවනිරොධා ජාතිනිරොධොජාතිනිරොධා ජරාමරණං සොකපරිදෙවදුක්‌ඛදොමනස්‌සුපායාසා නිරුජ්‌ඣන්‌තිඑවමෙතස්‌ස කෙවලස්‌සදුක්‌ඛක්‌ඛන්‌ධස්‌ස නිරොධො හොතී’’ති.
අථ ඛො භගවා එතමත්‌ථං විදිත්‌වා තායං වෙලායං ඉමං උදානං උදානෙසි 
‘‘යදා හවෙ පාතුභවන්‌ති ධම්‌මා,
ආතාපිනො ඣායතො බ්‍රාහ්‌මණස්‌ස
අථස්‌ස කඞ්‌ඛා වපයන්‌ති සබ්‌බා,
යතො ඛයං පච්‌චයානං අවෙදී’’තිදුතියං;

 

 བྱང་ཆུབ་ཀྱི་མདོ་གཉིས་པ།

རྒྱ་གར་སྐད་དུ། དུཏིཡབོདྷིསུཏྟ།

བོད་སྐད་དུ། བྱང་ཆུབ་ཀྱི་མདོ་གཉིས་པ།


འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ལྟེང་རྒྱས་ན། ཆུ་ཀླུང་ནེ་ར་ཉྫ་ནའི་འགྲམ་གྱི་བྱང་ཆུབ་ཤིང་གི་དྲུང་་བཞུགས་ཏེ་དེ་མ་ཐག་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ།། དེའི་ཚེ་བཅོམ་ལྡན་འདས་གདན་གཅིག་ཉིད་ཀྱིས་བདུན་གཅིག་གི་བར་བཞུགས་ནས་རྣམ་པར་ཐར་བའི་བདེ་བ་སོ་སོར་ཡང་དག་པར་རིག་གོ། དེ་ནས་བཅོམ་ལྡན་འདས་བདུན་གཅིག་པོ་དེ་རྫོགས་པ་དང་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ་མཚན་གྱི་ཐུན་བར་མ་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་ལུགས་སུ་མི་འབྱུང་བར་ལེགས་པར་ཐུགས་ལ་བསྒོམས་སོ།།

འདི་མ་བྱུང་བས་འདི་མི་འབྱུང་ངོ་།། འདི་བཀག་པས་འདི་འགག་གོ། འདི་ལྟ་སྟེ། མ་རིག་པ་བཀག་པས་འདུ་བྱེད་འགག་གོ། འདུ་བྱེད་བཀག་པས་རྣམ་པར་ཤེས་པ་འགག་གོ། རྣམ་པར་ཤེས་པ་བཀག་པས་མིང་གཟུགས་འགག་གོ། མིང་གཟུགས་བཀག་པས་སྐྱེ་མཆེད་དྲུག་འགག་གོ། སྐྱེ་མཆེད་དྲུག་བཀག་པས་རེག་པ་འགག་གོ། རེག་པ་བཀག་པས་ཚོར་བ་འགག་གོ། ཚོར་བ་བཀག་པས་སྲེད་པ་འགག་གོ། སྲེད་པ་བཀག་པས་ཉེ་བར་ལེན་པ་འགག་གོ། ཉེ་བར་ལེན་པ་བཀག་པས་སྲིད་པ་འགག་གོ། སྲིད་པ་བཀག་པས་སྐྱེ་བ་འགག་གོ། སྐྱེ་བ་བཀག་པས་རྒ་ཤི་འགག་གོ། མྱ་ངན་དང་སྡུག་བསྔལ་བ་དང་ཡིད་མི་བདེ་བ་ཡོངས་སུ་འགགས་སོ།། འདི་ལྟར་འདི་ཡིས་སྡུག་བསྔལ་གྱི་ཕུང་པོ་འགའ་ཞིག་འགག་པར་འགྱུར་རོ་ཞེས་སོ།།

དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ལྟར་མཁྱེན་ནས་ཞལ་དེ་ཉིད་ལས་ཆེད་དུ་བརྗོད་པའི་ཚོམས་འདི་ཆེད་དུ་བརྗོད་དོ།། 
གང་ཚེ་བྲམ་ཟེ་བརྩོན་པས་འབད་པ་ན། །གང་གིས་རྐྱེན་རྣམས་ཟད་པ་འཐོབ་འགྱུར་བ། །

ཆོས་འདི་རྣམས་ལས་རབ་ཏུ་འབྱུང་འགྱུར་ཏེ། །དེ་ཚེ་དེ་ཡི་སོམ་ཉི་མ་ལུས་སྤོང་། ཞེས་ཏེ་གཉིས་པའོ།།


තතියබොධිසුත්‌තං


 

එවං මෙ සුතං – එකං සමයං භගවා උරුවෙලායං විහරති නජ්‌ජා නෙරඤ්‌ජරාය තීරෙ බොධිරුක්‌ඛමූලෙ පඨමාභිසම්‌බුද්‌ධොතෙන ඛොපන සමයෙන භගවා සත්‌තාහං එකපල්‌ලඞ්‌කෙන නිසින්‌නො හොති විමුත්‌තිසුඛපටිසංවෙදීඅථ ඛො භගවා තස්‌ස සත්‌තාහස්‌ස අච්‌චයෙනතම්‌හා සමාධිම්‌හා වුට්‌ඨහිත්‌වා රත්‌තියා පච්‌ඡිමං යාමං පටිච්‌චසමුප්‌පාදං අනුලොමපටිලොමං සාධුකං මනසාකාසි 
‘‘ඉති ඉමස්‌මිං සති ඉදං හොතිඉමස්‌සුප්‌පාදා ඉදං උප්‌පජ්‌ජතිඉමස්‌මිං අසති ඉදං  හොතිඉමස්‌ස නිරොධා ඉදං නිරුජ්‌ඣතියදිදං – අවිජ්‌ජාපච්‌චයා සඞ්‌ඛාරාසඞ්‌ඛාරපච්‌චයා විඤ්‌ඤාණංවිඤ්‌ඤාණපච්‌චයා නාමරූපංනාමරූපපච්‌චයා සළායතනංසළායතනපච්‌චයාඵස්‌සොඵස්‌සපච්‌චයා වෙදනාවෙදනාපච්‌චයා තණ්‌හාතණ්‌හාපච්‌චයා උපාදානංඋපාදානපච්‌චයා භවොභවපච්‌චයා ජාතිජාතිපච්‌චයාජරාමරණං සොකපරිදෙවදුක්‌ඛදොමනස්‌සුපායාසා සම්‌භවන්‌තිඑවමෙතස්‌ස කෙවලස්‌ස දුක්‌ඛක්‌ඛන්‌ධස්‌ස සමුදයො හොති.
‘‘අවිජ්‌ජාය ත්‌වෙව අසෙසවිරාගනිරොධා සඞ්‌ඛාරනිරොධොසඞ්‌ඛාරනිරොධා විඤ්‌ඤාණනිරොධොවිඤ්‌ඤාණනිරොධා නාමරූපනිරොධොනාමරූපනිරොධා සළායතනනිරොධොසළායතනනිරොධා ඵස්‌සනිරොධොඵස්‌සනිරොධා වෙදනානිරොධොවෙදනානිරොධාතණ්‌හානිරොධො තණ්‌හානිරොධා උපාදානනිරොධොඋපාදානනිරොධා භවනිරොධොභවනිරොධා ජාතිනිරොධොජාතිනිරොධාජරාමරණං සොකපරිදෙවදුක්‌ඛදොමනස්‌සුපායාසා නිරුජ්‌ඣන්‌තිඑවමෙතස්‌ස කෙවලස්‌ස දුක්‌ඛක්‌ඛන්‌ධස්‌ස නිරොධො හොතී’’ති.
අථ ඛො භගවා එතමත්‌ථං විදිත්‌වා තායං වෙලායං ඉමං උදානං උදානෙසි 
‘‘යදා හවෙ පාතුභවන්‌ති ධම්‌මා,
ආතාපිනො ඣායතො බ්‍රාහ්‌මණස්‌ස;
විධූපයං තිට්‌ඨති මාරසෙනං,
සූරියොව ඔභාසයමන්‌තලික්‌ඛ’’න්‌තිතතියං;


གསུམ་པ། བྱང་ཆུབ་ཀྱི་མདོ་གསུམ་པ།


རྒྱ་གར་སྐད་དུ། ཏཏིཡབོདྷིསུཏྟ།

བོད་སྐད་དུ། བྱང་ཆུབ་ཀྱི་མདོ་གསུམ་པ།


འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ལྟེང་རྒྱས་ན། ཆུ་ཀླུང་ནེ་ར་ཉྫ་ནའི་འགྲམ་གྱི་བྱང་ཆུབ་ཤིང་གི་དྲུང་ན་བཞུགས་ཏེ་དེ་མ་ཐག་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ།། དེའི་ཚེ་བཅོམ་ལྡན་འདས་གདན་གཅིག་ཉིད་ཀྱིས་བདུན་གཅིག་གི་བར་དུ་བཞུགས་ནས་རྣམ་པར་ཐར་བའི་བདེ་བ་སོ་སོར་ཡང་དག་པར་རིག་གོ ། དེ་ནས་བཅོམ་ལྡན་འདས་བདུན་གཅིག་པོ་དེ་རྫོགས་པ་དང་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ་མཚན་གྱི་ཐུན་མཐའ་མ་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་ལུགས་སུ་འབྱུང་བ་དང་ལུགས་སུ་མི་འབྱུང་བར་ལེགས་པར་ཐུགས་ལ་བསྒོམས་སོ།།

འདི་བྱུང་བས་འདི་འབྱུང་ངོ་།། འདི་སྐྱེས་པ་ལས་འདི་སྐྱེའོ།། འདི་མ་བྱུང་བས་འདི་མི་འབྱུང་ངོ་།། འདི་བཀག་པས་འདི་འགག་གོ ། འདི་ལྟ་སྟེ།

 མ་རིག་པའི་རྐྱེན་གྱིས་འདུ་བྱེད་འབྱུང་བའོ།། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་འབྱུང་བའོ།། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་གཟུགས་འབྱུང་བའོ།། མིང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་འབྱུང་བའོ།། སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ་འབྱུང་བའོ།། རེག་པའི་རྐྱེན་གྱིས་ཚོར་བ་འབྱུང་བའོ།། ཚོར་བའི་རྐྱེན་གྱིས་སྲེད་པ་འབྱུང་བའོ།། སྲེད་པའི་རྐྱེན་གྱིས་ཉེ་བར་ལེན་པ་འབྱུང་བའོ།། ཉེ་བར་ལེན་པའི་རྐྱེན་གྱིས་སྲིད་པ་འབྱུང་བའོ།། སྲིད་པའི་རྐྱེན་གྱིས་སྐྱེ་བ་འབྱུང་བའོ།། སྐྱེ་བའི་རྐྱེན་གྱིས་རྒ་ཤི་འབྱུང་བའོ།། མྱ་ངན་དང་སྡུག་བསྡུལ་བ་དང་ཡིད་མི་བདེ་བ་ཀུན་ཏུ་འབྱུང་བའོ།། འདི་ལྟར་འདི་ཡིས་སྡུག་བསྔལ་གྱི་ཕུང་པོ་འགའ་ཞིག་ཀུན་ཏུ་འབྱུང་བར་འགྱུར་རོ་ཞེས་སོ།།

མ་རིག་པ་སྟེ་ཆགས་པ་མ་ལུས་པ་བཀག་པས་ནི་འདུ་བྱེད་འགག་གོ། འདུ་བྱེད་བཀག་པས་རྣམ་པར་ཤེས་པ་འགག་གོ། རྣམ་པར་ཤེས་པ་བཀག་པས་མིང་གཟུགས་འགག་གོ། མིང་གཟུགས་བཀག་པས་སྐྱེ་མཆེད་དྲུག་འགག་གོ། སྐྱེ་མཆེད་དྲུག་བཀག་པས་རེག་པ་འགག་གོ། རེག་པ་བཀག་པས་ཚོར་བ་འགག་གོ། ཚོར་བ་བཀག་པས་སྲེད་པ་འགག་གོ། སྲེད་པ་བཀག་པས་ཉེ་བར་ལེན་པ་འགག་གོ། ཉེ་བར་ལེན་པ་བཀག་པས་སྲིད་པ་འགག་གོ། སྲིད་པ་བཀག་པས་སྐྱེ་བ་འགག་གོ། སྐྱེ་བ་བཀག་པས་རྒ་ཤི་འགག་གོ། མྱ་ངན་དང་སྡུག་བསྔལ་བ་དང་ཡིད་མི་བདེ་བ་ཡོངས་སུ་འགགས་པའོ་ཞེས་སོ།།

དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ལྟར་མཁྱེན་ནས་ཞལ་དེ་ཉིད་ལས་ཆེད་དུ་བརྗོད་པའི་ཚོམས་འདི་ཆེད་དུ་བརྗོད་དོ།། 
གང་ཚེ་བྲམ་ཟེ་བརྩོན་པས་སེམས་པ་ན། །བློ་ཡིས་ཀུན་སྦྱོར་རྣམས་ལས་རབ་གྲོལ་ཏེ། །

བདུད་སྡེ་རྣམ་པར་བསལ་ནས་འདུག་འགྱུར་བ། །ཆོས་འདི་རྣམས་ལས་རབ་ཏུ་འབྱུང་བར་འགྱུར། །ཅེས་ཏེ་གསུམ་པའོ།།

 

གངས་ཅན་པའི་ལོ་ཙཱ་བ་ཟླ་བ་གཞོན་ནུར་འབོད་པས་རྒྱ་གར་གྱི་མཁན་པོ་ལྷ་དབང་གཞོན་ནུ་ལ་ཞུས་ཏེ་བསྒྱུར་བ་འགྲོ་བ་མགུ་བའི་གསོས་སུ་གྱུར་ཅིག་གུ།

བོད་སྐད་དུ་༢༠༡༠ལོའི་ཟླ་༩བའི་ཚེས་༡༥་ཉིན་བསྒྱུར་བ་དགེའོ།།